ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་དངོས་མང་བཤམས་སྟོན་ཁང་སྐྲུན་འགོ་བརྩམས་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས9ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དངོས་མང་བཤམས་སྟོན་ཁང་(ཚན་རྩལ་ཁང་དང་འཆར་འགོད་ཁང་།)གཙོས་གྲོང་ཁྱེར་དུ་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས།  ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ལས་གཞི་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཁུལ་གྱི་འགོ་ཁྲིད་དབྱང་ཁྲང་ཏི་དང་། ཧྲི་ཀྲན་ལིང་། ལིའུ་ཡུང་ཀོ  ཝང་ཡ་ནན་སོགས་མཛད་སྒོར་ཞུགས་པ་མ་ཟད། ད་དུང་ཐེངས་འདིའི་ལས་གཞི་ལ་རྩིག་རྨང་བཏིང་།

ཧྲི་ཀྲན་ལིང་གིས་བཤད་རྒྱུར། ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང་(ཚན་རྩལ་ཁང་དང་འཆར་འགོད་ཁང་།)ལས་གཞི་ནི་ཁུལ་བཙུགས་ཚུན་ནས་སྤྱི་བའི་རིག་གནས་ཞབས་ཞུ་ཁྱབ་ཁོངས་སུ་མ་དངུལ་བཏང་བའི་གཞི་ཁྱོན་ཆེས་ཆེ་བ་དང་། སྤྱི་ཚོགས་ཤུགས་རྐྱེན་ཆེས་ཆེ་བའི་ལས་གཞི་ཞིག་ཡིན།  ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུའུ་དང་། ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་ངེས་པར་དུ་འགན་འཁྲིའི་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་ཏེ། རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པར་ཤུགས་སྣོན་པ་དང་། གང་ནུས་ཀྱིས་ལས་གཞི་ཞིབ་ཚགས་གཏན་འབེབས་བྱས་ནས་བརྒྱུད་རིམ་དང་གོ་རིམ་སོ་སོའི་ལས་འགན་ལ་སྐུལ་འདེད་བྱེད་དགོས་ཤིང་། འཛུགས་སྐྲུན་གོ་རིམ་ཁྲོད་ཀྱི་འགལ་བ་དང་དཀའ་ངལ་ཅི་རིགས་དུས་ཐོག་ཏུ་མཐུན་སྦྱོར་བྱས་ཏེ། ལས་གཞི་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱ་དགོས། གཙོས་གྲོང་ཁྱེར་གྱིས་ཐུན་མོང་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་ཏེ། ལས་གཞིའི་འཛུགས་སྐྲུན་ཞབས་ཞུ་ལེགས་པོར་འགྲུབ་པར་འགན་སྲུང་བྱ་དགོས། ལས་གཞི་སྡེ་ཚན་གྱིས་“ལོ་བརྒྱའི་ཇུས་ཆེན་འགྲུབ་དགོས་ན་སྤུས་ཚད་དང་པོར་འཇོག་དགོས”པའི་འདུ་ཤེས་ཡིད་ལ་དམ་པོར་བཟུང་སྟེ། རྩ་འཛུགས་ཞིབ་ཚགས་ལྡན་པ་དང་ལས་སྒྲུབ་ཚན་རིག་ཅན་དུ་བྱས་ནས་དངོས་མང་བཤམས་སྟོན་ཁང་སྤུས་ལེགས་དང་དཔེ་མཚོན་ལྡན་པའི་བཟོ་སྐྲུན་མཆོག་ཏུ་གྱུར་བ་ཞིག་ཏུ་འཛུགས་སྐྲུན་གནང་དགོས། ཕྱོགས་སོ་སོའི་ཧུར་བརྩོན་བྱས་པ་བརྒྱུད་བཟོ་སྐྲུན་དེ་ཉིད་སྲོལ་རྒྱུན་རིག་གནས་དར་སྤེལ་གྱི་ལྟེ་གནས་དང་།  ཚན་རྩལ་ཤེས་བྱ་དྲིལ་བསྒྲགས་བྱེད་སའི་ས་ཚིགས། སྔོན་ཐོན་རིག་གནས་ནང་འདྲེན་བྱེད་སའི་སྟེགས་བུ། ཕྱི་ཕྱོགས་མཉམ་འབྲེལ་གྱི་ཟམ་པ་ལྟ་བུར་འཛུགས་སྐྲུན་བྱས་ཏེ་བདེ་སྐྱིད་ཀུན་སྨོན་གྱི་ཀན་ལྷོ་གསར་པ་ཞིག་འཛུགས་པར་ནུས་ཤུགས་གང་ཡོད་འདོན་དགོས།

རྒྱུས་ལོན་བྱུང་བ་ལྟར་ན། ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང་གི་(ཚན་རྩལ་ཁང་དང་འཆར་འགོད་ཁང་།)འཛུགས་སྐྲུན་ལས་གཞི་ནི་བཤམས་སྟོན་ཁང་དང་། ཚན་རྩལ་ཁང་། འཆར་འགོད་ཁང་། འགྲེམས་སྟོན་ལྟེ་གནས་བཅས་གཅིག་སྒྲིལ་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་ལ། འཆར་བཀོད་ལྟར་ན་རྒྱ་ཁྱོན་ལ་ས་མུའུ144དང་། སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ50000ཡོད་ལ། སྤྱིའི་འགྲོ་གྲོན་རགས་རྩིས་བྱས་ན་སྒོར་དུང་ཕྱུར5ལྷག་ལ་སླེབས་ཡོད།  དེའི་ཁྲོད་བཤམས་སྟོན་ཁང་དང་། ཚན་རྩལ་ཁང་གི་གཙོ་གནད་བཟོ་སྐྲུན་དང་། མེ་ཟོན་དང་བདེ་འཇགས་དོགས་ཟོན་ལས་གཞི། ཕྱིའི་སྐྱེ་ཁམས་རིག་གནས་ཐང་ཆེན་དང་རླངས་འཁོར་འཇོག་ས་སོགས་ཞོར་གཏོགས་བཟོ་སྐྲུན་གྱི་འགྲོ་གྲོན་ཕལ་ཆེར་དུང་ཕྱུར3.5ལྷག་ལ་སླེབས་པ་རེད། རིགས་སོ་སོའི་འགྲེམས་སྟོན་ཁང་དུ་རྒྱན་སྤྲས་དང་མཛེས་བཟོ། ཕྲེང་བསྟར་བཤམས་སྟོན་བྱས་པ་སོགས་ཀྱི་འགྲོ་སོང་ནི་ཕལ་ཆེར་དུང་ཕྱུར1.5ལྷག་རེད། གཙོ་བོ་བཤམས་སྟོན་ཁང་དང་། ཚན་རྩལ་ཁང་། འཆར་འགོད་ཁང་། རྣམ་ཐར་ཟློས་གར་འཁྲབ་སྟོན་ལྟེ་གནས། འགྲེམས་སྟོན་ལྟེ་གནས་སོགས་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་བྱེད་རྒྱུ་དང་། ད་དུང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་དང་། གཞུང་ལས་ཁང་སོགས་ཞོར་གཏོགས་བཟོ་སྐྲུན་ཡང་འཛུགས་སྐྲུན་གང་ལེགས་བྱ་རྒྱུ་རེད། །(དངོས་སྦྱོང་སློབ་མ་འབྲུག་བྱམས་ཐར་གྱིས་བསྒྱུར། )

རྩོམ་སྒྲིག་པ། : ཀླུ་མོ་མཚོ།