ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོ་ཚོགས་ཆེན་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོ་ཚོགས་ཆེན་བསྡུས།

ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། ཀན་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཚོགས་འདུའི་གཙོ་འགན་ཁུར།

ཁུལ་ཏང་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི་ཧའོ་ཅུའེ་རྨིན་གྱིས་2017ལོ་ནས་བཟུང་ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་རང་བཞིན་གྱི་གྱོད་དོན་བརྡ་ཁྱབ་བྱས།

ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བ། རྒྱལ་ཡོངས་ཀྱི་“ཚོགས་ཆེན་གཉིས”ཀྱི་དགོངས་དོན་གཏིང་ཟབ་སྒོས་མཐའ་འཁྱོངས་བྱེད་པ་དང་། ཧུར་བརྩོན་སྒོས་ལས་བྱེད་པ་དག་གཙང་དང་སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གསལ་མངོན་འགྱུར་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་དང་རྩ་འཛུགས། སྒྲིག་ལམ་བཅས་ཁག་ཐེག་བྱ་དགོས་ཞེས་བསྟན།

ཚོགས་ཐོག་ཏུ《ཆབ་སྲིད་མི་སྣ་གྲགས་ཅན་ནས་བཙོན་མ》དང《རྫོང་དབུལ་བོའི་ཙིག་རྒན》སོགས་སྲིད་གཙང་ཉེན་བརྡའི་སློབ་གསོའི་ཆེད་དོན་བརྙན་གཟིགས་ལ་བལྟས།

ཁུལ་འགོ་ཁྲིད་ཚན་ཁག་ཆེན་པོ་བཞིའི་ལས་ཁུངས་སུ་ཡོད་པའི་འགོ་ཁྲིད་པ་དང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་འགོ་གཙོ། རྫོང་དང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། རྫོང་དང་གྲོང་ཁྱེར་གྱི་དཔོན་པོ། ཁུལ་ཨུའི་གཞུང་སྒྲུབ་ཁང་སོ་སོ། ཁུལ་ཐད་གཏོགས་འབྲེལ་ཡོད་ཏང་ཨུ་དང་ཏང་རྩ་འཛུགས། ཞིང་ཆེན་གྱི་ཁུལ་དུ་བཅའ་སྡོད་བྱེད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཨུ་དང་ཏང་གི་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ་དག་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས། ཚོགས་འདུ་ནི་བརྙན་རིས་ཀྱི་རྣམ་པས་ཚོགས་ཏེ། རྫོང་སོ་སོ་དང་གྲོང་ཁྱེར་གྱིས་ཡན་ལག་ཚོགས་ར་བཙུགས་ཡོད།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།