ཀྲུང་གོ་བོད་ཀྱི་དྲ་བ།

དྭངས་གསལ་དུས་ཆེན་རིང་ཀན་སུའུ་ཞིང་ཆེན་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི468ལྷག་སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས7ཉིན་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། 2018ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་སུ། ཀན་སུའུ་ཞིང་ཆེན་གྱི་ས་གནས་སོ་སོར་གནམ་གཤིས་འཁྱགས་པའི་ཤུགས་རྐྱེན་ཐེབས་མོད་ཀྱང་ཡུལ་སྐོར་བ་སྔར་ལས་མང་པོ་ཡོད་པ་རེད། ཞིང་ཆེན་ཡོངས་སུ་སྔོན་དཔག་བྱས་ན་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི468ལྷག་སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར30.3མངོན་འགྱུར་བྱུང་བ་དང་། སོ་སོ་ན་ནིང་དང་བསྡུར་ན་དུས་མཉམ་ལས21.4%དང28.3%འཕར་སྣོན་བྱུང་ཡོད། དེ་མིན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཡུལ་སྐོར་ཁྲོམ་ར་རྒྱུན་གཏན་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱས་པ་དང་། ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་འདང་ལྷག་པ། འགྲིམ་འགྲུལ་ནུས་ཤུགས་གཞི་རྩའི་སྟེང་རྒྱུན་ལྡན་ཡིན་པ་བཅས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།