ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་ཏང་གི་སློབ་གྲྭས་གྲོང་ཁྱེར་ཡོངས་ཀྱི་དགོན་པ་སོ་སོར་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་ཆོས་ལུགས་མི་སྣའི་ཆབ་སྲིད་གོ་རྟོགས་ཇེ་མཐོ་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་སྲིད་ཇུས་དྲིལ་བསྒྲགས་བྱ་ཆེད། ཉེ་ཆར། གཙོས་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྣེ་ཁྲིད་འོག་ཏང་གི་སློབ་གྲྭའི་སྐད་གཉིས་དགེ་རྒན་གྲོང་ཁྱེར་ཡོངས་ཀྱི་ནང་བསྟན་དགོན་པ13དང་། དབྱི་སི་ལན་གྱི་ལྷ་ཁང3རྒྱ་ནག་ལྷ་ཁང་བཅས་སུ་སོང་ནས་བསྡོམས་པས་མི380ལྷག་ལ་རྒྱལ་ཡོངས་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་གནད་བསྡུས་དང་། ཆོས་ལུགས་ལས་དོན་སྲོལ་ཡིག་གི་ནང་དོན་གསར་བ་གསལ་འགྲེལ་དང་དྲིལ་བསྒྲགས་བྱས་པ་མ་ཟད། ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་གསུང་བཤད་གནད་བསྡུས་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་ཡིས་ཁྲིམས་ལྟར་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་བར་རྡུང་རྡེག་ནན་མོ་གཏོང་བའི་སྐོར་གྱི་བརྡ་ཁྱབ། དེ་མིན་གཙོས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་ནག་ཚོགས་གཙང་སེལ་གྱི་ཆེད་དམིགས་འཐབ་རྩོད་སྐོར་གྱི་བརྡ་སྦྱོར་བཅས་ཀྱི་ནང་དོན་བོད་རྒྱ་སྐད་གཉིས་ཟུང་འབྲེལ་དང་ཁ་གསལ་དོན་འདུས་ཀྱི་སྒོ་ནས་བརྒྱུད་བསྒྲགས་དང་གསལ་བཤད་བྱས་ལ། ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་ནས་རྒྱ་ཆེའི་ཆོས་ལུགས་མི་སྣས་ཏང་གི་ཆོས་ལུགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་སྐོར་གྱི་ཤེས་བྱ་ཅུང་ཙམ་ཤེས་རྟོགས་བྱུང་ཞིང་། ལྷག་པར་དུ་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་ཁྲིམས་ལུགས་ཀྱི་འདུ་ཤེས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་འདུ་ཤེས་ཇེ་མཐོར་བཏང་བ། ནམ་ཡང་ཆོས་ལུགས་ཀྱི་དགོངས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་མཐུན་སྦྱོར་ངང་སྤེལ་དགོས་པའི་ངོས་ཟིན་ཐོབ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།