ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱིས་དམངས་ལ་དངོས་ཕན་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་འཆར་གཞི་བཟོ་འགོད་དམ་འཛིན་བྱས་པ་དང་། ཕྱོགས་ཡོངས་ནས་གཅིག་གྱུར་བཀོད་སྒྲིག་དང་སྡེབ་སྒྲིག་མ་དངུལ་དོན་འཁྱོལ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཆེས་ཐག་གཅོད་འདོད་པའི་གནད་དོན་ལ་དམིགས་ཏེ་ཞིང་སྡེའི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྐུལ་སློང་དང་ཡུན་རིང་ཕན་པའི་ལམ་སྲོལ་བཙུགས་པས། སྐྱེ་ཕམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་དེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དམངས་སེམས་ལས་གྲྭ་རུ་གྱུར།

བསང་ཆུ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ44འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་དང་ལས་གཞིར་རགས་རྩིས་བྱས་ན་བསྡོམས་པས་སྒོར་དུང་ཕྱུར3.34བཏང་བ་དང་། གཙོ་བོ “སྐྱེ་ཁམས་མི་སྡོད་ས་དང་སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་ཁོར་ཡུག སྐྱེ་ཁམས་རིག་གནས”བཅས་ལས་གྲྭ་ཆེན་པོ་བཞིའི་ལས་གཞི15ཡི་ཐད་ལག་བསྟར་བྱས་ཤིང་། ཁྱིམ་ཚང1813གྱི་རོང་འབྲོག་སྡེ་བའི་སྡོད་ཁང་དམངས་སྲོལ་ཁྱད་ཆོས་ལྡན་པའི་རྣམ་པ་རུ་བཅོས་སྒྱུར་བྱས་པ་དང་། “བཅོས་སྒྱུར་བདུན་དང་སྒྲིག་བཅོས་གསུམ”སོགས་རོང་འབྲོག་སྡེའི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སྒྱུར་བཀོད་ཐད་ལག་ལེན་དུ་བསྟར། གསང་སྤྱོད་ཁང46དང་ལམ་གཙོ་བོ་སྤྱི་ལེ10.3གསར་དུ་བསྐྲུན། དམངས་ཕན་ཟམ་པ 7དང་ཟུར་གཏོགས་སྒྲིག་བཀོད་ལག་བསྟར་བྱས། སྦུག་ལམ་མཁྲེགས་འགྱུར་སྤྱི་ལེ39.8དང་ཆུ་འབུད་ཡུར་བུ་སྤྱི་ལེ 63.8བཙོག་ཆུ་བཤང་མདོང་སྤྱི་ལེ1.7 ཆུ་ལོག་སྔོན་འགོག་དང་སྡེ་བ་དང་ས་ཞིང་སྲུང་སྐྱོབ་བྱེད་པའི་ཆུ་རགས་སྤྱི་ལེ6.5མེ་གསོད་ཆུ་རྫིང38བཅས་གསར་འཛུགས་བྱས་པ་དང་མེ་གསོད་ཡོ་བྱད38ཉོས་པ་དང་རོང་འབྲོག་སྡེའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས30གསར་འཛུགས་དང 6རིམ་སྤོར་སྒྱུར་བཀོད་བྱས། རྫོང་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ44ན་ནིང་ལོའི་ཟླ7པར་ཚང་མ་འཛུགས་སྐྲུན་བྱེད་འགོ་བརྩམས་ཏེ། ད་ལྟའི་བར་དུ་མ་དངུལ་སྒོར་དུང་ཕྱུར1.65གསོག་འཇོག་བྱས་པ་དང་ལས་གཞི་སྒྲུབ་ཚད་ཀྱི 55%ཟིན། །     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།