ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་གཙོས་སུ་ཕུན་སུམ་ཚོགས་པའི་ངང་གྲོལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1515468037295379.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས8ཉིན་གྱི་ཕྱི་དྲོར། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་གཙོས་སུ་ཕུན་སུམ་ཚོགས་པའི་ངང་གྲོལ།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན 219ཡོད་ཅིང་དངོས་སུ་ཞུགས་པའི་ཨུ་ཡོན198ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཞུས་ཆང་། རྒྱལ་ཚང་བློ་བཟང་མཁས་གྲུབ་རྒྱ་མཚོ། ཧྥུང་ཞའོ་ཏུང་། ཀའོ་ཡུས་ཕིན། རྨིན་ཁྲིན་ཞི། སྐལ་བཟང་རྒྱ་མཚོ། ཀྲང་པིན། ཨན་ཝུན་ཞི། ཧྲང་ཀྲིན་རྨིན། ལེའུ་མའེ་ཅིན། བློ་གྲོས་བྱམས་པ་རིན་ཆེནབཅས་ཡིན།

གདན་ཞུས་ལྟར་ཐེངས་འདིའི་ཚོགས་ཆེན་དུ་ཞུགས་པའི་ཁུལ་གྱི་འགོ་ཁྲིད་ལ།  ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་སུང་ཀྲན་ཝུན།  ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏེ། ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ།  ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི་ཧའོ་ཅུའེ་རྨིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཁྲིན་ཅང་ཧྥུན།  ཁུལ་ཨུའི་རྒྱུན་ཨུ་ཡོན་ཞིན་ཧོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ།  ལི་རུའེ་ཕིན།  དབྱང་ཅན་གོ  ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་ལིའང་མིང་ཀོང་།  ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཚའེ། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། ཧྲི་ཀྲན་ལིའང་། ཀྲའོ་སི་པེ། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་དཔོན་གཞོན་པའམ་ཐེ་བོ་རྫོང་ཨུའི་ཧྲུའུ་ཅི་རིན་ཆེན་དོན་གྲུབ།  ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་འགོ་གཙོ་ཁྲིན་ཀྲིན་ཝུའུ་དང་སློབ་གཙོ་གཞོན་པ་མུའུ་ཅི་ཞིན། དྲག་སྤྲས་ཉེན་རྟོག་ཀན་ལྷོའི་ཡན་ལག་རུ་ཁག་གི་རུ་དཔོན་ཧོ་ཅན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀོ་ཞའོ་ཏུང་བཅས་ཡོད།

1515468037760798.jpg

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསེ་ཚང་བློ་བཟང་དཔལ་ལྡན་དང་ཝང་ཡ་ནན། ཀྲའོ་ཧུང་ཚའེ། དུས་འཁོར་ཚང་། དབྱང་ཞའོ་ནན། ཨན་ཞུས་ལིན། ཏུང་ཀྲིན་གོ རྨིན་ཀྲན་པིའོ་དང་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་། གསར་དུ་བདམས་པའི་ཀྲུའུ་ཞི་གཞོན་པ་སྒྲོལ་མ་སྐྱབས་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

གཞན་ཡང་ཞིང་ཆེན་སྲིད་གྲོས་ཀྱི་ཀན་ལྷོར་སྡོད་པའི་ཨུ་ཡོན་དང་ཁུལ་ཨུའི་གཞུང་སྒྲུབ་ཁང་། ཁུལ་སྲིད་གཞུང་གི་གཞུང་སྒྲུབ་ཁང་། ཁུལ་སྲིད་གྲོས་གཞུང་སྒྲུབ་ཁང་། ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་ཨུའི་སྲིད་ཁྲིམས་ཨུ་དང་། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་སོ་སོ་དང་གཞུང་སྒྲུབ་ཁང་། ཁུལ་ནང་བསྟན་མཐུན་ཚོགས། དབྱི་སི་ལན་མཐུན་ཚོགས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་བཅས་ཐེངས་འདིའི་ཚོགས་ཆེན་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ཀྱིས་ལག་པ་ཡར་བཀྱགས་ཏེ་བརྡས་ཐག་གཅོད་པའི་རྣམ་པ་སྤྱད་དེ་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་ཆབ་སྲིད་གྲོས་ཆོད་དང་། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ་སྐོར་གྱི་གྲོས་ཆོད། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་གྲོས་གཞི་ཞིབ་བཤེར་ཐོ་འགོད་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་འཆམ་བྱུང་།

1515468037339013.jpg

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞུས་ཆང་གིས་ཚོགས་ཐོག་ཏུ་གཏམ་གལ་ཆེན་བཤད། ཁོང་གིས་བཤད་རྒྱུར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དེ། ཚང་མའི་སྟོབས་ཤུགས་གཅིག་སྒྲིལ་གྱི་འབད་བརྩོན་འོག་ཏུ་གྲོས་རིམ་ཚང་མ་བདེ་བླག་ངང་ལེགས་གྲུབ་བྱུང་བས། དེ་རིང་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བ་རེད། ཐེངས་འདིའི་གྲོས་ཚོགས་སུ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་བྱ་བར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཤིང་། ཚན་རིག་སྒོས་དེང་ཕྱིན་གྱི་སྲིད་གྲོས་བྱ་བར་བླང་བྱ་ནན་མོ་བཏོན།།    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།