ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན་གྱི་ཕྱི་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཨན་ཅིན་ལུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་དང་། ཀྲུའུ་ཞི་ཚོགས་པའི་ཁོངས་མི་སོ་སོ་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཀྱིས་འཐུས་མི་ཚོགས་པ་སོ་སོས་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་འཆར་གཞི་དང་སྔོན་རྩིས་ཀྱི་སྙན་ཞུ། ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས(འཆར་ཟིན)བཅས་ཀྱི་གནས་ཚུལ་ལ་ཉན་པ་དང་། འཆར་གཞི་དང་སྔོན་རྩིས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཆར་གཞི་དང་སྔོན་རྩིས་ཀྱི་སྙན་ཞུའི་ཞིབ་བཤེར་གནས་ཚུལ་ལ་ཉན་ཞིང་བརྡས་ཐག་བཅད། སྲིད་གཞུང་དང་འཆར་གཞི། སྔོན་རྩིས་གསུམ་གྱི་བྱ་བའི་སྙན་ཞུའི་གྲོས་ཆོད(འཆར་ཟིན)ལ་གྲོས་འཆམ་བྱུང་བ་དང་། ཁུལ་གྱི་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་འདེམས་བསྐོ་བྱེད་ཐབས(འཆར་ཟིན)ལ་བརྡས་ཐག་བཅད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ལྟ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་པའི་གྲོས་ཆོད(འཆར་ཟིན)ལ་བརྡས་ཐག་བཅད་པ་དང་། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པས་ཀྲུའུ་ཞི་ཚོགས་པས་མིང་ཐོ་བཏོན་པའི་གདམ་བྱའི་འོས་མིའི་གནས་ཚུལ་གསལ་བཤད་བཅས་ལ་ཉན། ཀྲུའུ་ཞི་ཚོགས་པས་མིང་ཐོ་བཏོན་པའི་འདེམས་སྒུག་མི་སྣ་སོ་སོའི་མིང་ཐོ(འཆར་ཟིན)གྲོས་འཆམ་བྱུང་བ་དང་། འཐུས་མི་མཉམ་འབྲེལ་བྱས་ནས་འདེམས་སྒུག་མི་སྣའི་མིང་ཐོ་འདོན་པའི་དུས་ཚོད་མཚམས་འཇོག་པའི་ཐག་གཅོད(འཆར་ཟིན)ལ་གྲོས་འཆམ་བྱུང་།།                  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།