ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།      སྤེལ་དུས། : 2018-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན་གྱི་སྔ་དྲོར། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚོགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཧུང་ཚའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

ཐེངས་འདིའི་ཚོགས་ཆེན་ལ་ཞུགས་དགོས་པའི་ཨུ་ཡོན 219ཡོད་པ་དང་དངོས་སུ་ཞུགས་པའི་ཨུ་ཡོན 204ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན། ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཀྲའོ་ཧུང་ཚའེ། སྐལ་བཟང་རྣམ་རྒྱལ། ཝུའུ་ཡུས། དཔལ་ཤིས་པ•བློ་བཟང་ལུང་རིག་རྒྱ་མཚོ། འཇིགས་བྱེད། མཱ་དཔལ་མོ། མ་ཕིན་ཅུས། དར་རྒྱས། ཝང་ཡོན་ཞ། ཝང་ཁྲོན་མའེ། ཝང་ཐན་ཆིན། པའོ་ཧུང་ཞ། འཇམ་ཁོ་བཅས་ཡིན།

ཐེངས་འདིའི་ཚོགས་ཆེན་ལ་ཞུགས་པའི་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞུས་ཆང་། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཝང་ཡ་ནན། དུས་འཁོར་ཚང་། དབྱང་ཞའོ་ནན། ཨན་ཞིས་ལིན། ཏུང་ཀྲེན་གོ རྨིན་ཀྲན་པིའོ་དང་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་བཅས་ཡོད། 

གདན་ཞུ་ལྟར་ཚོགས་ཆེན་ལ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་སུང་ཀྲན་ཝུན། ཁུལ་ཨུའི་རྒྱུན་ཨུའམ་ ཁུལ་ཨུའི་ དྲུང་ཡིག་ཆེན་མོ་ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི་ཧའོ་ཅུའེ་རྨིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཁྲིན་ཅང་ཧྥུན། ཁུལ་པོན་གཞོན་པ་ནམ་མཁའ་སངས་རྒྱས། ཧྲི་ཀྲན་ལིའང་། ཀྲའོ་སི་པེ། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་།  ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་འགོ་གཙོ་གཞོན་པ་མུའུ་ཅི་ཞིན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀོ་ཞའོ་ཏུང་བཅས་ཡོད།

གྲོས་ཚོགས་ཀྱིས་ད་དུང་ཁུལ་ཨུའི་གཞུང་སྒྲུབ་ཁང་དང་སྲིད་གཞུང་གཞུང་སྒྲུབ་ཁང་། ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་ཨུའི་སྲིད་ཁྲིམས་ཨུ། ཁུལ་ཨུའི་ཞིང་སྡེའི་བྱ་བའི་གཞུང་སྒྲུབ་ཁང་། ཁུལ་གོང་འཕེལ་དང་བསྒྱུར་བཅོས་ཨུ། ཁུལ་སློབ་གསོ་ཅུས། ཁུལ་དཔལ་འབྱོར་ཆ་འཕྲིན་ཨུ་ཡོན་ལྷན་ཁང་། ཁུལ་དམངས་སྲིད་ཅུས། ཁུལ་ནོར་སྲིད་ཅུས། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས། ཁུལ་སྡོད་ཁང་ཅུས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། ཁུལ་ཆུ་གློག་ཆུ་དོན་ཅུས། ཁུལ་ཞིང་ཕྱུགས་ཅུས། ཁུལ་ནགས་ལས་ཅུས། ཁུལ་རིག་གནས་རྒྱང་བསྒྲགས་གསར་འགྱུར་ཅུས། ཁུལ་འཕྲོད་བསྟེན་དང་འཆར་སྐྱེ་ཅུས། ཁུལ་ཡུལ་སྐོར་ཅུས། ཁུལ་དབུལ་སྐྱོར་བྱ་བའི་གཞུང་སྒྲུབ་ཁང་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས་ཤིང་ཨུ་ཡོན་གྱི་བསམ་ཚུལ་དང་གྲོས་གཞི་ལ་ཉན།

ཚོགས་ཆེན་སྟེང་ཨུ་ཡོན་ལུའུ་ཅུས་མེ་སོགས་ཨུ་ཡོན 10ཡིས་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཨུ་ཡོན་ཚོའི་གཏམ་བཤད་ལ་ཕྱོགས་སྡོམ་དང་དཔྱད་བརྗོད་སྤེལ། ཨུ་ཡོན 10ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་བཅུ་གསུམ་པ་དང་ཁུལ་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ལ་དམ་པོར་དམིགས་ཏེ། རང་ཉིད་སོ་སོའི་ལས་རིགས་ཀྱི་ཁྱབ་ཁོངས་དང་། ཁུལ་ཡོངས་དང་རྫོང་དང་གྲོང་ཁྱེར་སོ་སོ། ལས་ཁུངས་ཁག་གི་དོན་དངོས་གཞིར་བཟུང་སྟེ། ཆབ་སྲིད་བསམ་གཞིགས། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་ཁོངས་ཡོངས་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར། སྐད་གཉིས་སློབ་གསོའི་ལས་དོན་གོང་སྤེལ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐད་ནས་ཅུང་བཟང་བའི་བསམ་འཆར་དང་གྲོས་གཞི་བཏོན།  ཨུ་ཡོན་ཚོའི་གཏམ་བཤད་དེ་དག་གིས་སྲིད་གྲོས་ཨུ་ཡོན་གྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་བཅངས་པའི་སེམས་འདུན་མཚོན་ཡོད་པ་མ་ཟད། སྲིད་གྲོས་ཨུ་ཡོན་རྣམས་ཀྱི་སྲིད་ཞུགས་སྲིད་གླེང་ཕོད་པའི་སྙིང་སྟོབས་དང་སྲིད་ཞུགས་སྲིད་གླེང་ལ་མཁས་པའི་སྤོབས་པ་དང་ལས་འགན་དེ་མཚོན་ཡོད་པས། དེ་དག་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མ་འོངས་པའི་བྱ་བའི་བྱེད་ཕྱོགས་ལ་སློབ་སྟོན་དང་དཔེ་ལྟ་བྱེད་སའི་བསླབ་གཞི་གསོན་པོ་ཡིན་ནོ།།    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།