ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་རིམ་བཞིན་ཇེ་ཆེར་སོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར་ཀན་ལྷོ་ཁུལ་ཅོ་ནེ་རྫོང་གིས་ཁུལ་ཨུའི“སྐྱེ་ཁམས་ཆེན་པོ་ལྔའི”གཙོ་རྒོལ་གྱི་ཁ་ཕྱོགས་དང་རྫོང་ཨུའི“13296”གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང“1233”གྱི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་པས། དཔལ་འབྱོར་བརྟན་པོའི་ངང་འཕེལ་བ་དང་དམངས་འཚོ་རྒྱུན་མཐུད་ངང་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་། མི་དམངས་ཀྱི་འཚོ་བར་ལྟོ་གོས་འཛོམས་པའི་རྣམ་པ་བཟང་བོ་ཞིག་ཤར།

རྒྱལ་དམངས་དཔལ་འབྱོར་འཕར་ཚད་བརྟན་པོའི་ཁྲོད་འཕེལ་རྒྱས་འགྲོ་བཞིན་ཡོད་པ། 2017ལོར། རྫོང་ཡོངས་སུ་སྔོན་རྩིས་ལྟར་ན་ས་ཁུལ་གྱི་སྤྱིའི་ཐོན་རིན་སྒོར་དུང་ཕྱུར15.17མངོན་འགྱུར་བྱུང་བ་དང7.6%འཕར། བཟོ་ལས་ཀྱི་གནས་ཐང་འཕར་ཚད་སྒོར་དུང་ཕྱུར1.8ལེགས་གྲུབ་བྱུང་ཞིང12.4%འཕར། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར35.45གྲུབ་པ་དང3.5%འཕར། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར4.56གྲུབ་པ་དང6.8%འཕར། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་བཀོལ་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར22975ཡིན་ལ8.5%འཕར། གྲོང་གསེབ་སྡོད་དམངས་ཀྱི་བཀོལ་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར6761ཡིན་ལ8%འཕར།

ཐོན་ལས་བསྡུར་ཚད་ཀྱི་གྲུབ་ཚུལ་མུ་མཐུད་ནས་ཇེ་ལེགས་སུ་སོང་བ། གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ་སྤུས་ཚད་ཇེ་བཟང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་སོ་སོའི་བསྡུར་ཚད2016ལོའི28.71∶15.81∶55.4ནས27.73∶12.47∶57.8དུ་ལེགས་སྒྲིག་བྱས། སྔོན་རྩིས་ལྟར་ན་ཞིང་ཕྱུགས་ལས་ཀྱི་གནས་ཐང་འཕར་ཚད་སྒོར་དུང་ཕྱུར4.35ཡིན་ལ། སྔར་ལོའི་དུས་མཚུངས་དང་བསྡུར་ན5%འཕར། འབྲུ་དཔལ་གཟན་གསུམ་གྱི་གྲུབ་ཚུལ2016ལོའི27.1∶61.52∶11.38ནས2017ལོའི24.86∶63.98∶11.16ཏུ་ལེགས་སྒྲིག་བྱས།

ལས་གཞིའི་འདེགས་སྐྱོར་ནུས་པ་མུ་མཐུད་ནས་ཇེ་དྲག་ཏུ་བཏང་བ། ལས་གཞི་གལ་ཆེན་གྱི་འདེགས་སྐྱོར་ནུས་པ་དང་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས་ལོ་ཧྲིལ་བོར་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་པའི་ལས་གཞི་བསྡོམས་པས256ཡོད། 2017ལོར་གསར་དུ་གན་རྒྱ་བཞག་པའི་ལས་གཞི6ཡོད་ལ་མ་དངུལ་སྒོར་དུང་ཕྱུར11.18ནང་འདྲེན་བྱས་ཤིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར5.2བཏང་བའི་ཆས་པ་ཆུ་བོའི་འབབ་རྒྱུད་ཀྱི་ལས་གཞི73ལ་རིམ་བརྩིས་བྱས་ན་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར4.16ལེགས་གྲུབ་བྱུང་ནས་འཛུགས་སྐྲུན་ལས་འགན་གྱི80%གྲུབ། 2017ལོར་བསྡོམས་པས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 45འཛུགས་སྐྲུན་བྱས་པ་དང་། ཤང་དང་གྲོང་རྡལ15ཡི་སྲིད་འཛིན་སྡེ་བ33གྱི་དུད་ཁྱིམ3249ཡི་མི15265ལ་འབྲེལ་བ་ཡོད་པ་དང་། དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ16འདུས་ཡོད་ལ། མ་དངུལ་གཏོང་ཚད་སྒོར་དུང་ཕྱུར2.2གྲུབ།

ཡུལ་སྐོར་རིག་གནས་ཀྱི་ཐོན་ལས་འཕེལ་རྒྱས་བྱུང་བ། ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི1000གྲབས་གསོག་བྱས་ཤིང་། “བྱ་དགའ་གསབ་དངུལ”གྱི་རྣམ་པས་སྒོར་ཁྲི100བཏང་ནས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཐད་སྐུལ་འདེད་བཏང། ནུས་ཤུགས་ཡོད་རྒུས་འགོ་ནང་ཐང་མཛེས་ལྗོངས་ཁུལ་འཛུགས་སྐྲུན་གྱི་བྱ་བ་སོ་སོར་གཞོགས་འདེགས་བྱས་ཏེ། སྔོན་རྩིས་ལྟར་ན་ལོ་ཧྲིལ་བོར་མགྲོན་པོ་མི་ཐེངས་ཁྲི105.3སྣེ་ལེན་བྱས་པ་དང18%འཕར། ཡུལ་སྐོར་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར4.85མངོན་འགྱུར་བྱུང་བ་དང22.5%འཕར། ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་གྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ། ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ཚོགས་འདུའི་ཐོག་ཅོ་ནེའི་ཡུལ་སྐོར་རིག་གནས་ཀྱི་སྣང་བརྙན་གསར་བ་དང་མཚོན་རྟགས་གསར་བ་འགྲེམ་སྟོན་བྱས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།