ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་ཡུལ་དུ་ཁྲོམ་བྲོ་དར། རིག་གནས་མཉམ་འདྲེས་གཟི་བྱིན་འབར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་བོད་རིགས་སློབ་ཆུང་དུ་ཁྲོམ་བྲོ་དར་སྤེལ་གཏོང་བའི་རིག་གནས་ཁྱབ་གདལ་བྱེད་སྒོ་སྤེལ་ཞིང་། ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཁྲོམ་བྲོའི་ཨུ་ལྷན་ཀན་སུའུ་མནའ་འབྲེལ་གྱི་དགེ་རྒན་ཚོས་བོད་རིགས་ས་ཁུལ་གྱི་ཕྲུ་གུ་དང་སྤེལ་རེས་བྱས་ཏེ་ཁྲོམ་བྲོའི་གར་སྟབས་ངོམས་པ་དང་དེའི་དམིགས་ཡུལ་ནི་ད་རེས་ཀྱི་རིག་གནས་སྤེལ་རེས་བྱེད་སྒོ་བརྒྱུད་བོད་རིགས་ས་ཁུལ་གྱི་ཕྲུ་གུ་སྔར་ལས་མང་བས་ཁྲོམ་བྲོར་རྒྱུས་མངའ་དང་དགའ་པོ་བྱ་རྒྱུ་དེ་རེད།

ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཁྲོམ་བྲོ་ཨུ་ལྷན་གྱི་འགན་འཁུར་བས། ད་རེས་ཁྲོམ་བྲོ་བོད་རིགས་ས་ཁུལ་དུ་དར་སྤེལ་བཏང་བ་དེས་ཀན་སུའུ་ཞིང་ཆེན་བོད་རིགས་ས་ཁུལ་གྱི་ཁྲོམ་བྲོའི་སྒྱུ་རྩལ་གྱི་སློབ་གསོའི་སྟོང་ཆ་བསྐངས་ཡོད། སླད་ཕྱིན་ཁྲོམ་བྲོས་གཙོས་པའི་དེང་རབས་ཀྱི་དར་བཟོའི་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས་གཉིས་མཉམ་འདྲེས་ཐུབ་རྒྱུའི་རེ་བ་ཡོད། དཔེར་ན། བོད་རིགས་ཀྱི་ཞབས་བྲོའི་ནང་སྒོར་གཞས་ཡོད་པ་དང་། ཁྲོམ་བྲོའི་ནང་ལའངcypherཞེས་པ་ཡོད་པ་དེ་གཉིས་ཀར་སྐོར་བྲོའི་གོ་དོན་ལྡན་ཡོད། ཐུན་མོང་གི་ཁྱད་ཆོས་འདི་འདྲ་ཞིག་གིས་ཞབས་བྲོ་དེ་གཉིས་ཕན་ཚུན་ཟུང་འབྲེལ་དང་མཉམ་འདྲེས་ཐུབ་ཡོད། འབྱུང་འགྱུར་མཉམ་འདྲེས་དེ་རིགས་སྔར་ལས་མང་བ་བྱུང་ནས། ཁྱད་ཆོས་ལྡན་པའི་ཞབས་བྲོའི་བརྩམས་ཆོས་སྔར་ལས་མང་བ་ཐོན་ཏེ་ཐུན་མོང་མིན་པའི་ཀྲུང་གོའི་རིག་གནས་སྐྱོན་བྲལ་དང་དགེ་མཚན་ལྡན་པའི་ངང་འཛམ་གླིང་ལ་དར་བའི་ཡིད་ཆེས་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ་ཁྲོམ་བྲོ་མཁས་པ་སློབ་གྲྭའི་ནང་འཛོམས་ནས་གར་གྱི་སྟངས་སྟབས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གཙོད་གྲོང་ཁྱེར་གྱི་བོད་རིགས་སློབ་ཆུང་གི་སློབ་མ་ཡོངས་ལ་ངོ་མཚར་ཆེ་བའི་མིག་གི་སྟོན་མོ་ཞིག་བཤམས་པ་དང་། ཕྲུ་གུ་ཚོས་གསར་དར་གྱི་དར་བཟོ་ཆེ་བའི་ཞབས་བྲོ་དེར་མཚར་སྣང་ཆེན་པོ་སྐྱེས་ནས་དགེ་རྒན་ཚོའི་སྟངས་སྟབས་ལ་ལད་མོ་བྱས་ཏེ་ཁྲོམ་བྲོའི་སྤྲོ་སྣང་དང་ཡིད་དབང་འགུག་ནུས་ཉམས་སུ་མྱངས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།