ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གི་ཁྱད་ལྡན་ཐོན་ལས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་གིས་ས་ཆ་སོ་སོའི་སྡེ་བའི་གནས་ཚུལ་དང་ཆགས་ཚུལ། ཐོན་ཁུངས་ཀྱི་ཆ་རྐྱེན་དང་འབྲེལ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཐོན་ལས་དབུལ་སྐྱོར་ནི་དབུལ་ཕོངས་མི་འབོར་དབུལ་ཐར་བྱེད་པ་ཁག་ཐེག་བྱེད་པའི་འདེགས་སྐྱོར་བརྟན་པོར་བརྩིས།

ལིན་ཐན་རྫོང་གིས་དབུལ་སྐྱོར་དམངས་ཕྱུག་ཐོན་ལས་ལས་གཞི་དང་རྨ་ཆུའི་ཆུ་ཁུངས་གསབ་སྤྲོད་ལས་གཞི་དང་ཕྱུགས་བསྐྱུར་རྩྭ་འདེབས་སོགས་ཀྱི་ལས་གཞི་འདེགས་སྐྱོར་དུ་བརྩིས་ནས་ཐོན་ལས་ཁུལ་གྱི་འཛུགས་སྐྲུན་དམ་འཛིན་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རའི་མ་ལག་འཛུགས་སྐྲུན། རོང་འབྲོག་པའི་མཉམ་ལས་ཁང་འཛུགས་སྐྲུན་བྱས། མིག་སྔར་ཐུག་བར་དུ། རྫོང་ཡོངས་ལ་ནོར་ལུག་གསོ་མཁན་དུད་ཁྱིམ7600ལྷག་དང་། ནོར་ལུག་གསོ་བའི་ཆེད་ལས་མཉམ་ལས་ཁང368ཡོད་ལ། ད་ཡོད་ཕྱུགས་གྲངས་ཁྲི19.12ཡོད་པ་དང་། ནོར་ལུག་ཁྲི4.14བཤས་ཁོངས་སུ་བཏང་། ཕྱུགས་ཟོག་རྒྱུད་བཟང་ལས་གཞི་ཤུགས་ཆེན་པོར་སྤེལ་ཏེ། ཧུར་ཐག་གིས་རྒྱུད་བཟང་དང་ཕྱུགས་ར་བཟང་བོ། གཟན་ཆས་བཟང་བོ། སྨན་བཟང་། ཐབས་བཟང་བཅས“བཟང་ལྔའི”ཕྱོགས་བསྡུས་ལག་རྩལ་ཁྱབ་གདལ་བཏང་ནས། ཕྱུགས་ལས་རྒྱུད་བཟང་གསབ་སྣོན་ལས་གཞི་དང་འབྲེལ་ཏེ་ཆེད་ལས་མཉམ་ལས་ཁང་དང་། གསོ་སྤེལ་དུད་ཁྱིམ་ཆེ་རིགས་ཀྱིས་ཕྱུགས་རྒྱུད་ཀྱི་སྒྲིག་གཞི་སྙོམ་སྒྲིག་དང་ཕྱུགས་ཁྱུའི་སྒྲིག་གཞི་ལུགས་མཐུན་ལ་ཕྱོགས་པར་ཁྲིད་སྟོན་བྱས།

ཁྱད་ལྡན་འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་པས། ནས་དང་སྐེ་ཚེ། བོད་སྨན་རྒྱུ་ཆ་དང་སྒྲིག་གཞིའི་ཞིང་ལས་ཐོན་ལས་ལ་གྲུབ་འབྲས་ཅུང་བཟང་བོ་ཐོབ། ཉེ་བའི་ལོ་འགའི་རིང་ལ། རྫོང་ཡོངས་ཀྱིས་བོད་སྨན་དང་ཀྲུང་ལུགས་སྨན་རྒྱུ་མུའུ་ཁྲི12དང་སྐེ་ཚེ་མུའུ་ཁྲི6དང་། མཱ་ཁ་མུའུ300 ཕོ་སུལ་ཤ་མོང་མུའུ40 ལྕ་བ་མྱུག་སོན་མུའུ70 ནས་ཞིང་མུའུ་ཁྲི1.5བཅས་བཏབ་པས། ལིན་ཐན་རྫོང་ནི་ཞིང་ཆེན་ཡོངས་ཀྱི་ལྕ་བའི་ཐོན་ལས་འབྲེལ་ཐག་འཛུགས་སྐྲུན་མངའ་ཁོངས་སུ་བཅུག རྫོང་རིམ་པའི་དཔེ་སྟོན་མཉམ་ལས་ཁང99དང་ཁུལ་རིམ་པ18 ཞིང་ཆེན་རིམ་པ10 རྒྱལ་ཁབ་རིམ་པ3བཅས་གསར་སྐྲུན་བྱས་པས། མཉམ་ལས་ཁང་རིམ་བརྩིས་བྱས་ན823ལ་བསླེབས། སྣ་སོ་སོའི་གསོ་སྤེལ་ཁུལ93བཙུགས་པ་དང་། ཚད་ལྡན་ཅན་གྱི་ཕྱུགས་ཟོག་གསོ་སྤེལ་གྱི་དྲོད་ཁང8639སྟེ་སྨི་གྲུ་བཞི་མ69བསྐྲུན་ལ། ནོར་ལུག་ཚོ་གསོ་དུད་ཁྱིམ7600ལྷག་གིས་ལོ་གཅིག་ལ་ནོར་ཁྲི3.6 དང་ལུག་ཁྲི8.2བཤས་ཁོངས་སུ་བཏང་། ཆ་སྙོམས་བྱས་ན་དུད་ཁྱིམ་རེར་ནོར་ལུག་ཚོ་གསོའི་ཡོང་འབབ་སྒོར་ཁྲི1.6ཡན་དུ་བསླེབས་ཡོད་ལ། རྫོང་ཡོངས་སུ་ཕྱུགས་རིགས་སྣ་ཚོགས་ཀྱི་ད་ཡོད་ཕྱུགས་གྲངས་ཁྲི24.14དང་། ཕྱུགས་ཟོག་སྤྱིའི་འཕར་ཚད་དང་བཤས་ཁོངས་སུ་བཏང་ཚད། ཚོང་རྫས་སུ་འགྱུར་ཚད་སོ་སོ་ནི35.04%དང65.59% དང36.51%ལ་བསླེབས། །  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།