ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ཚན་རྩལ་གསར་གཏོད་ཀྱིས་དེང་རབས་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་།ཀན་ལྷོ་ཁུལ་གྱིས་ཀན་སུའུ་ཞིང་ཆེན་དམངས་འཚོའི་འཆར་གཞི 《ཉེན་ཐུག་བོད་ལུགས་སྨན་རྫས་ཚད་ལྡན་ཅན་འདེབས་འཛུགས་ཀྱི་ལག་རྩལ་དཔེ་སྟོན་ཁྱབ་སྤེལ་གཏོང་བའི》ལས་གཞི་ལག་བསྟར་བྱས་པས། འདེབས་འཛུགས་ཁྱབ་སྤེལ་གཏོང་བའི་ལས་འགན་མུའུ2917ལེགས་གྲུབ་བྱུང་། དེའི་ཁྲོད་དུ། ཐང་ཀོ་ཐེ་ཡི་ལྕུམ་ཚད་ལྡན་ཅན་འདེབས་འཛུགས་ལག་རྩལ་དཔེ་སྟོན་ཐད་མུའུ910བཀོལ་སྤྱོད་བྱས་པ་དང་། ཟི་ར་སེར་པོ་ཚད་ལྡན་ཅན་འདེབས་འཛུགས་ལག་རྩལ་དཔེ་སྟོན་ཐད་མུའུ820བཀོལ། ལྕ་བ་ཚད་ལྡན་ཅན་འདེབས་འཛུགས་ལག་རྩལ་དཔེ་སྟོན་ཐད་མུའུ866བཀོལ་ཞིང་། བོད་སྤོས་ཚད་ལྡན་ཅན་ལག་རྩལ་དཔེ་སྟོན་ཐད་མུའུ52དང་། རྟ་པགས་ཚད་ལྡན་ཅན་འདེབས་འཛུགས་ལག་རྩལ་དཔེ་སྟོན་ཐད་མུའུ20བཀོལ་སྤྱོད་བྱས། བོད་ལུགས་སྨན་རྫས་ལས་སྣོན་དང་། གསོག་ཉར་རྟེན་གཞི་བཙུགས་པ་དང་མཉམ་དུ་ཉེན་ཐུག་བོད་སྨན་རྫས་ཐོན་ཁུངས་ཞིབ་འཇུག་ལྟེ་གནས་ཤིག་ཀྱང་བཙུགས།

གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཤང་གིས་དངུལ་རྭའི་བོད་ལུག་ཡུལ་གཞན་དུ་གསོ་སྤེལ་བྱེད་པའི་དཔེ་སྟོན་གཞི་ས་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། དམིགས་དཔེ་ཁྱིམ་ཚང་དྲུག་བཙུགས་ཡོད་ལ། དངུལ་རྭའི་ལུག་རྒྱུད་ཀྱི་ཁྲོམ་དང་མ་མོ56ནང་འདྲེན་བྱས་ཏེ། ལུག་གསོ་སྤེལ་ཐད་དུ་གྲུབ་འབྲས་མངོན་གསལ་བླངས།

2016ལོར། 《མཐོ་སྒང་གི་ཕོ་སུལ་ཤ་མོང་དགུན་ཁར་འདེབས་པའི་ལག་རྩལ་དམིགས་དཔེ་རྒྱ་ཁྱབ་ཏུ་སྤེལ་བ》དང 《ནས་ཀྱི་ས་བོན་ཁྱབ་གདལ》དུ་གཏོང་བའི་དམངས་འཚོའི་དོན་དངོས་དེ་གཉིས་ཁུལ་སྲིད་གཞུང་གི་ལོ་རེའི་དམངས་དོན་སྒྲུབ་པའི་བྱ་བའི་ནང་ཚུད་ཡོད་ཅིང་། དམངས་འཚོའི་དོན་དངོས་ལས་གཞིའི་བྱ་བ་དེ་གཉིས་བརྟན་པོའི་ངང་གྲུབ། ཁུལ་ཡོངས་སུ་དམིགས་དཔེའི་ཕོ་སུལ་ཤ་མོང་འདེབས་འཛུགས་ཀྱི་དྲོད་ཁང495ཡོད་ཅིང་། ཐོན་རྫས་ཀྱི་ཕན་ཁེ་ཡོང་འབབ་སྒོར་ཁྲི621.6ཐོབ། ནས་ཀྱི་ས་བོན་ཁྱབ་གདལ་གཏོང་བའི་ལས་གཞི་དེ་ཁུལ་ཡོངས་ཀྱི་འོས་འཚམ་ས་ཁུལ་དུ་ཁྱབ་གདལ་དུ་བཏང་སྟེ། ཀན་ནས4བ་དང་། རྨ་ནས1པ། རྨ་ནས2པ་གཙོ་བོ་བྱས་པའི་ནས་ཀྱི་ས་བོན་བཟང་བོ་འདེབས་འཛུགས་བྱས་ཏེ། ནས་ཀྱི་ས་བོན་བཟང་བོའི་འདེབས་འཛུགས་གཞི་ས་མུའུ་ཁྲི1.6འཛུགས་སྐྲུན་བྱས་ཤིང་། ནས་ཐོན་སྐྱེད་བྱེད་པའི་གཞི་ས་མུའུ་ཁྲི15.1ཡོད་ལ། ཐོན་སྐྱེད་ཀྱི་ཕན་འབྲས་སྒོར་ཁྲི6072ཐོབ།

མིག་སྔའི་བར་དུ། ཁུལ་ཡོངས་ཀྱིས་ཁུལ་དང་རྫོང་། ཤང་སོགས་ནས་ལག་རྩལ་ཆེད་མངགས་པ1410བདམས་ཏེ། ཁུལ་ཡོངས་ཀྱི་སྡེ་བ323དང་། མཉམ་ལས་ཁང9དཔེ་སྟོན་ར་བ་དང་ཁེ་ལས་སུ་མངགས་ཏེ། ལག་རྩལ་གསར་སྤེལ་ལས་གཞི129ལ་ཁྱབ་གདལ་དུ་བཏང་། ཞིང་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གཞི་ས18བཙུགས་པ་དང་། ལག་རྩལ་དམིགས་དཔེའི་ཁྱིམ་ཚང178གསོ་སྐྱོང་བྱས་ཡོད། སྔོན་ཐོན་ལག་རྩལ་ལས་གཞི251ཁྱབ་གདལ་དུ་བཏང་། རྒྱུ་བཟང་ཐོན་རྫས389ནང་འདྲེན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།