ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱས་ཏེ་འབྱོར་འབྲིང་དུ་བསྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཕག་དང་ཕོ་སུལ་ཤ་མོང་། དཔལ་འབྱོར་ནགས་ར། ཀྲུང་བོད་སྨན་རྫས། སྦྲང་རྩི་རྣལ་མ་སོགས་ཞིང་ལས་ཁྱད་ཐོན་དངོས་རྫས་ཤང་སྡེ་ནས་ཁྲོམ་རར་བསྐྱོད་ཅིང་། དེ་ནི་དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་ཞིང་སྐྱུར་ནགས་འཛུགས། ཤིང་ཏོག་ནགས་ཞིང་གི་རྟེན་གཞི་སོགས་གྲལ་དག་པའི་གྲོང་སྡེར་ལོ་ཟླའི་འཕེལ་རིམ་གྱི་རིག་གནས་རྡོག་ཁྲོས་ལྷག་པར་ལྕི་ལ། དེང་རབས་འཛུགས་སྐྲུན་གྱི་མི་རིགས་ཀྱི་ཁྱད་མཚར་དེ་བས་རྒོད། མི་གང་ཞིག་ཡིན་ཡང་རང་ཉིད་ཀྱི་ཕ་ཡུལ་ལ་ཤིན་ཏུ་དགའ། སྡེ་བའི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག་འབད་བརྩོན་གྱི་ལག་པ་ཟུང་གི་ཕུ་ཐུང་ཡར་ལ་བརྫེས་ཏེ་འབད་པ་བགྱི།

གཞུང་ལམ་མཁྲེགས་བཟོ་དང་ལམ་འགྲམ་དུ་གློག་སྒྲོན་འཇོག་པ། ཞིང་སྡེའི་མཉམ་ལས་ཁང་འཛུགས་པ། ལུས་སྦྱོང་ཐང་ཆེན་བཟོ་བ། མི་ཚུལ་རིག་གནས་ཀྱི་འཁྱམས་རིང་བཟོ་བ། རིག་གནས་གྱང་ལྡེབས་བཟོ་བ་སོགས་བྱས་པ་དེས། དོན་དངོས་ཐོག་འབྱོར་ལྡན་གྱི་ལམ་དུ་ཁྲིད་པར། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བརྩི་འཇོག་དང་དགའ་བསུ་ཐོབ།

སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཚད་རིམ། སྤྱི་ཚོགས་འགན་སྲུང་། སློབ་གསོའི་དབུལ་ཐར། གཞན་ཡུལ་གནས་སྤོར། ངལ་ལས་ཕྱིར་གཏོང་བྱེད་པ་སོགས་ལ་བརྟེན་ནས། རི་ཀླུང་ནང་གི་བྱིས་པ་ཚོར་ལག་རྩལ་གསར་བ་བསླབ་སྟེ་འཚོ་བར་རེ་ལྟོས་གསར་བ་བསྩལ།

གྲངས་ཉུང་མི་རིགས་གཅིག་དང་ས་ཁུལ་གཅིག་ཀྱང་གྲལ་རྗེས་སུ་ལུས་སུ་མི་འཇུག་ཅིང་། 2020ལོར་ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་ཡོད་ཚད་གཞི་ནས་དབུལ་ཐར་བྱ་རྒྱུ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་བསླེབ་པར་བྱ་རྒྱུ་ཡིན། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་ཞེས་པའི་ནགས་ཀྱི་གྲོང་ཁྱེར་འདིར་མེ་ཕོངས་བཞིན་འཕེལ་གྱིན་ཡོད། ཆེད་དོན་གྲོས་ཚོགས་དང་སྡེ་དམངས་ཚོགས་འདུ། སློབ་སྦྱོང་མཐའ་འཁྱོངས་ཀྱིས“འཛེར་མ་འཛེར་བའི་སྙིང་སྟོབས”ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་ཡུན་རིང་གི་འཐབ་འཛིང་འགོ་བརྩམས་ལ། ཐེ་བོའི་ས་གཞི་ཡོད་ཚད་གསོན་ཉམས་ཀྱིས་ཕྱུག་ཅིང་། སྙན་འཇེབས་ཀྱི་འཚོ་བའི་རོལ་མོ་ཞིག་ལྷུག་པར་གྲོལ་ནས་ཡོད།།

           

རྩོམ་སྒྲིག་པ། : ཀླུ་མོ་མཚོ།