ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གི“སློབ་བཞིའི”རྣམ་པས་ཏང་གི་ཚོགས་ཆེན་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་དང་ཀུན་ལ་ཁྱབ་པ་མངོན་འགྱུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་ཚུན་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱེད་པ་དང་། སྒྲོག་འགྲེལ་ལ་ཉན་པ། སློབ་སྦྱོང་སྒོ་ཁར་སྐྱེལ་བ། བསམ་བློའི་མྱོང་ཚོར་བརྗེ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ཤེས་རྟོགས་གཏིང་ཟབ་བྱས་ཏེ། རྫོང་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པའི་མཐོ་རླབས་འཕྱུར།

འགོ་ཁྲིད་ཀྱིས་གཏིང་ཟབ་སྒོས་སྒྲོག་འགྲེལ་བྱས་པ་དང་སྣེ་ཁྲིད་དེ་སློབ་སྦྱོང་བྱས། རྫོང་གི་འགོ་ཁྲིད་གཙོ་བོས་འབྲུག་ཆུ་རྫོང་གི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྫོང་ཡོངས་ཀྱི་ཁའོ་རིམ་པའི་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པའི་རེས་སྐོར་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་ཁ་བྱང་ལབསམ་བློ་གསར་བ་ལག་བསྟར་བྱས་ཏེ་བྱེད་ནུས་གསར་བ་མངོན་འགྱུར་བྱེད་པ།-དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འབྲུག་ཆུའི་ལེའུ་གསར་བ་འབྲི་བཞེས་པའི་ཏང་གི་སློབ་ཁྲིད་ཟུར་ཁྲིད་ཀྱི་སྙན་ཞུ་ཕུལ། རྫོང་ཡོངས་ཀྱི་ཁའོ་རིམ་པའི་ལས་བྱེད་པ804ཡིས་སྙན་ཞུ་ལ་ཉན་པ་དང་། གོམ་རིམ་རྗེས་མའི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་བྱ་བའི་འཆར་གཞི་ལ་ཁ་ཕྱོགས་བསྟན། དེ་མིན་ད་དུང་རྫོང་རིམ་པའི་འགོ་ཁྲིད་དག་གིས་རང་ཉིད་ཀྱིས་འགན་ལེན་བྱས་པའི་གྲོང་རྡལ་དང་། འབྲེལ་གཏུག་བྱེད་གནས། སྡེ་བ། སྡོད་ཁུལ། དགོན་པ་སོགས་སུ་ཞུགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དུས་ལྟར་གཞི་རིམ་དུ་སྐྱེལ་བ་དང་། གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པ་ཀུན་ལ་ཁྱབ་པ་མངོན་འགྱུར་བྱུང་།

ཁའོ་རིམ་པའི་ལས་བྱེད་པས་གཙོ་གནད་འབུར་ཐོན་སྒོས་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས། རྫོང་ཏང་ཨུས་ཁའོ་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་མཐར་ཕྱིན་བྱེད་པའི་རེས་སྐོར་གསོ་སྦྱོང་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྔོན་ལ་བཀོད་སྒྲིག་བྱས་པ་དང་། ལུགས་མཐུན་གྱིས་ནང་དོན་གསར་འཛུགས་བྱས་ནས་རྫོང་ཨུའི་རྩ་འཛུགས་སྡེ་ཁག་གིསརྫོང་ཡོངས་ཀྱི་ཁའོ་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པའི་རེས་འཁོར་གསོ་སྦྱོང་བྱ་བ་སྤེལ་བའི་ལག་བསྟར་ཇུས་གཞིགཏན་འབེབས་བྱས། 

ཏང་ཡོན་ལས་བྱེད་པས་ནན་ཏན་གྱིས་གོ་བ་ལེན་པ་དང་གཏིང་ཟབ་ཀྱིས་སློབ་སྦྱོང་བྱས། རྫོང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པའི་མཐོ་རླབས་ཁྲོད། གྲོང་རྡལ་དང་ལས་ཁུངས་སོ་སོའི་ཏང་ཡོན་ལས་བྱེད་པས་ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་། རྫོང་ཡོངས་ཀྱི་ཞིང་སྡེའི“འགྱུར་བ་གསུམ”གྱི་བཅོས་སྒྱུར། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན། མཁར་གྲོང་གི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་སོགས་མིག་སྔའི་གཙོ་གནད་བྱ་བའི་ལས་འགན་ལ་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གྱི་དོན་སྙིང་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་པ་དང་། ཁྱད་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་དང་། ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བའི་བླང་བྱ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རི་ཆུ་སྔོན་མོ་གསེར་རི་དངུལ་རི་ཡིན”ཞེས་པའི་སྐྱེ་ཁམས་འཛུགས་སྐྲུན་གྱི་འདུ་ཤེས་དེ་དོན་དངོས་ཀྱི་བྱ་བའི་ཁྲོད་དུ་བཞག

ཏང་ཡོན་དཀྱུས་མས་མྱོང་ཚོར་བརྗེ་རེས་བྱས་ནས་ཕན་ཚུན་ལ་སློབ་སྦྱོང་བྱས། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་བྱེད་པ་མིག་སྔའི་གལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་ལ་ཉན་པ་དང་། ཏང་ཡོན་བྱ་འགུལ་ཉིན་མོར་གཅིག་བསྡུས་ཀྱིས་སློབ་སྦྱོང་དང་གྲོས་བསྡུར་བྱེད་པའི་བྱ་ཐབས་བརྒྱུད་དེ། ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་བྱེད་པ་མ་ཟད། སློབ་སྦྱོང་གི་བསམ་བློའི་མྱོང་ཚོར་འབྲི་བ་དང་། སློབ་སྦྱོང་གི་མྱོང་ཚོར་གླེང་བ་རེད།

གོམ་སྟབས་རྗེས་མར་འབྲུག་ཆུ་རྫོང་གིས་ཏང་ཡོན་གྱི“དགུན་གྱི་གསོ་སྦྱོང”བྱ་བ་དང་ཟུང་འབྲེལ་བྱས་ནས། གོམ་གང་མདུན་སྤོས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་བྱེད་པར་ཤུགས་བསྣན་ཏེ། སྡེ་བ་སོ་སོ་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱ་རྒྱུ་དང་། སློབ་སྦྱོང་ཞིང་བའི་ཁྱིམ་དུ་བསྐྱལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱིམ་ཚང་སོ་སོས་ཤེས་སུ་འཇུག་པ་དང་། མི་སེམས་སུ་ཟུག་པར་བྱ་རྒྱུ། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།