ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་དུ“ཐང་བོད་གནམ་ལམ་སྟེ། ཞིང་ཆེན་དང་ལྗོངས་བརྒྱད་ཀྱི་རིག་དངོས་འགྲེམས་སྟོན”ཞེས་པ་འགྲེམས་སྟོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1513214402820641.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་དུ“ཐང་བོད་གནམ་ལམ་སྟེ། ཞིང་ཆེན་དང་ལྗོངས་བརྒྱད་ཀྱི་རིག་དངོས་འགྲེམས་སྟོན”ཞེས་པ་འགྲེམས་སྟོན་བྱས་ཤིང་། ཐེངས་འདིའི་འགྲེམས་སྟོན་དུ་བསྡོམས་པས་ཐང་བོད་གནའ་ལམ་རྒྱུད་ཀྱི་ཀན་སུའུ་དང་། ཧྲན་ཞི། མཚོ་སྔོན། ཞིན་ཅང་། ནང་སོག སི་ཁྲོན། ཡུན་ནན། བོད་ལྗོངས་སོགས་ཞིང་ཆེན་དང( རང་སྐྱོང་ལྗོངས)བརྒྱད་ཀྱི་རིག་གནས་དངོས་མང་སྟོན་ཚོགས་ལས་ཁུངས21ཡི་རིག་དངོས་རྩེ་གྲས245 (ཚོགས་ཆུང་)དང་། རམ་འདེགས་རི་མོའི་དེབ་འགོད་ཀྱི་བརྩམས་ཆོས150འགྲེམས་སྟོན་བྱས་པར་མ་ཟད། འགྲེམས་སྟོན་འདི2018ལོའི་ཟླ1པའི་ཚེས15ཉིན་བར་དུ་བསྟུད་མར་འགྲེམས་རྒྱུ་རེད།

ད་ཐེངས་ཀྱི་འགྲེམས་སྟོན་དེ་ནི“ལམ”ཞེས་པ་མཚམས་སྦྱོར་དུ་བྱས་ནས《ཐོག་མའི་ཤེས་དཔལ་མངོན་དུས། ཧྭ་རུང་བསྣོལ་འདྲེས་བྱས》དང་། 《མཚོ་ནུབ་ཏུ་ཅུན་བཙུགས་ནས“ཆང་ཁྲོད་དུ་ལམ”ཕྱེས》《འ་ཞས་རྒྱལ་ཁབ་བཙུགས། “ཧོ་ནན་ལམ་བུ”ཤར་བགྲོད་བྱས》 《མནའ་མཐུན་གྱི་གཉེན་འབྲེལ་ནས་གནའ་ལམ་དར་རྒྱས་སོང་》 《ཇ་རྟ་ཚོང་འདྲེན་དང་། སྦྲག་ལམ་ཤར་བགྲོད》 《རྟགས་ཐམ་གནང་སྟེ་གསེར་བུམ་དཀྲུགས་པ》ཞེས་སྡེ་ཚན་དྲུག་བརྒྱུད་དེ། ཐང་བོད་གནའ་ལམ་རྒྱུད་ཀྱི་ས་ཁོངས་སོ་སོ་དང་། མི་རིགས་སོ་སོ། ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་རིག་གནས་ཀྱི་རྣམ་པ་ཕྱོགས་གཅིག་ཏུ་མངོན་ཏེ་དུས་རབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གིས་ནུབ་རྒྱུད་ས་ཁུལ་དང་། ལྷག་པར་དུ་བོད་ཀྱི་བདག་དབང་གི་དོ་དམ་ས་ཁོངས་དང་ནུས་ལྡན་གྱི་བཅོས་སྐྱོང་དང་། དེ་བཞིན་ནུབ་རྒྱུད་མི་རིགས་ཁག་དབར་གྱི་མཉམ་འདྲེས་ཀྱི་ལོ་རྒྱུས་ཚུར་སྣང་བྱས་ཡོད།

འགྲེམས་སྟོན་གྱི་རྣམ་པའི་ཐད་ནས། འགྲེམས་སྟོན་གྱིས་གྲངས་གཞི་ཅན་གྱི་འགྲེམས་སྟོན་ལག་རྩལ་མངོན་གསལ་དོད་པོར་མཚོན་ཏེ། དངོས་ཟོག་འགྲེམས་སྟོན་དང་གྲངས་ཀའི་རྣམ་པའི་རིག་དངོས་ཆ་འཕྲིན་གྱི་འགྲེམས་སྟོན་ཕན་ཚུན་ཟུང་འབྲེལ་བྱས་ཏེ་ལྟད་མོ་བ་ཚོར་རིག་དངོས་ཀྱི་མཐོང་སྣེ་དང་ཐབས་ལམ་གསར་པ་མཁོ་འདོན་བྱས་ཤིང་། ལྟད་མོ་བ་དང་དེར་བཤམས་པའི་རིག་དངོས་ཕན་ཚུན་དབར་གྱི་མཉམ་འགུལ་དང་ནུས་འབྲས་ཇེ་དྲག་ཏུ་བཏང་སྟེ། ལྟད་མོ་བར་གནའ་ལམ་གྱི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ཤེས་ཚོར་དང་། ཤེས་རྟོགས། མྱོང་རོལ་བྱེད་དུ་བཅུག

 “ཐང་བོད་གནའ་ལམ”ནི་ཐང་རྒྱལ་རབས་དུས་ཀྱི་ཁྲང་ཨན(ད་ལྟའི་ཞི་ཨན)ནས་བོད་ཀྱི་ར་ས་(དེང་གི་ལྷ་ས)བར་གྱི་ཕོ་ཉ་འགྲོ་འོང་བྱེད་པའི་དཔོན་རིམ་གྱི་ལམ་ཞིག་ཡིན་ཞིང་། དེ་ནི་ཐང་རྒྱལ་རབས་དང་ཐུ་བྷོད་བར་གྱི་ཆབ་སྲིད་བརྗེ་རེས་དང་དཔལ་འབྱོར་དང་རིག་གནས་སྤེལ་རེས་བྱེད་པའི་བགྲོད་ལམ་གཙོ་བོ་ཞིག་ཡིན་ལ། དཔལ་ཡོན་རྒྱུན་འཛིན་དང་། མི་རིགས་འགྲོ་འོང་དང་། རིག་གནས་སྤེལ་རེས། དཔལ་འབྱོར་གསབ་རེས་བྱ་བར་སྐུལ་སྤེལ་དང་། མི་རིགས་ཀྱི་བརྩེ་དུང་དང་ས་ཁོངས་ཀྱི་འབྲེལ་བ་རྒྱུན་མཐུད་བྱེད་པའི་འབྲེལ་ཐག་དང་“མཁས་ལམ”ཡིན་པར་མ་ཟད“གསེར་ཟམ”ཞིག་ཀྱང་ཡིན་ནོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།