ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་ཁྲི187240.95འཆར་འགོད་དང་སྡེབ་སྒྲིལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་བཏོན་ཏེ་དབུལ་ཐར་མཁྲེགས་གཏོར་བྱ་བ་ལག་བསྟར་བྱེད་གྱིན་ཡོད་ལ། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བཀོལ་སྤྱོད་བྱེད་པའི་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ་དང་། མ་དངུལ་སྤྱོད་པའི་ཕན་ནུས་མཐོ་རུ་བཏང་སྟེ། ཟླ11པའི་ཟླ་མཇུག་བར་ཏུ་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་ཁྲི187240.95འཆར་འགོད་དང་སྡེབ་སྒྲིལ་བྱས།

ལིན་ཐན་རྫོང་གིས“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”འཆར་གཞི་གཞིར་བཟུང་ཞིང་། དབུལ་ཕོངས་སྡེ་བ་གཞི་གཅིག་ཏུ་དབུལ་ཐར་བྱ་རྒྱུ་དམིགས་འབེན་དུ་བརྩིས་པ། ལས་གཞིའི་འཛུགས་སྐྲུན་འདེགས་སྐྱོར་བྱས་ཏེ། ཚན་རིག་དང་མཐུན་ལ། ཞིབ་ཚགས་གནད་ཁེལ་ཅན་གྱི་རྫོང་ཡོངས་གཞི་གཅིག་ཏུ་དབུལ་ཐར་བྱུང་བའི་འཆར་འགོད་དང་ལོ་རེའི་ལས་གཞིའི་ལག་བསྟར་འཆར་གཞི་སྒྲིག་བཟོ་བྱས་ཤིང་། མ་དངུལ་ཞིབ་བཤེར་ལ་ཆོག་མཆན་འགོད་པའི་གོ་རིམ་ནན་མོ་དང་། མ་དངུལ་གཏོང་སྤྲོད་བྱེད་པའི་འགག་སྒོ་ནན་འཛིན། མ་དངུལ་ཕྱིར་གཏོང་བྱེད་པའི་འགག་སྒོ་དམ་སྲུང་བྱས།

ལས་གཞིའི་དོ་དམ་ལ་ཤུགས་བསྣན་ནས་སྡེབ་སྒྲིལ་ལས་གཞིའི་མཛོད་ཁང་བཙུགས་ཤིང་འཐུས་ཚང་དུ་བཏང་། རྫོང་ཡོངས་ཀྱི་ཞིང་འབྲེལ་སྡེ་ཁག་དང་ཤང་གྲོང་གིས་དབུལ་སྐྱོར་ལ་སྣེ་ཁྲིད་བྱས་ཤིང་། ལས་གཞི་དམ་འཛིན་བྱས་ཏེ་ལས་གཞིའི་དུས་འགོའི་བརྟག་དཔྱད་ཞིབ་འཇུག་ཟབ་སྤེལ་བྱས་པ་དང་། ཐོན་ལས་སྲིད་ཇུས་དང་མ་རྩ་གཏོང་ཕྱོགས་གཙོ་བོ་གཞིར་བཟུང་སྟེ། མ་དངུལ་སྡེབ་སྒྲིལ་ལས་གཞིའི་མཛོད་ཁང་བཙུགས།

རྫོང་ཡོངས་ཀྱིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་འཆར་འགོད་དང་སྡེབ་སྒྲིལ། བཀོལ་སྤྱོད་བྱས་ཚུལ་དེ་ལྟ་སྐུལ་བྱ་ཡུལ་གཙོ་བོར་བཟུང་སྟེ། དབུལ་སྐྱོར་དང་ནོར་སྲིད། གོང་འཕེལ་སྒྱུར་བཅོས་སྡེ་ཁག་གིས་མ་དངུལ་འཆར་འགོད་དང་སྡེབ་སྒྲིལ། བཀོལ་སྤྱོད་བྱེད་པའི་ཕན་འབྲས་ལ་གདེང་འཇོག་བྱས་པ་མ་ཟད། དབུལ་ཐར་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་ཁྲོད་དུ་བཞག་སྟེ་དཔྱད་ཞིབ་ཀྱི་གྲུབ་འབྲས་དེ་རྫོང་དབུལ་ཐར་མཁྲེགས་གཏོར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་མིང་ཐོག་ནས་བརྡ་ཁྱབ་བཏང་བ་དང་། ལས་ཀ་མི་བྱེད་པ་དང་གང་བྱུང་དུ་སྒྲུབ་པ། ཁྲིམས་འགལ་སྒྲིག་འགལ་བྱེད་པ་སོགས་ཀྱི་བྱ་སྤྱོད་ཐད་ནས་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་ནན་མོ་བྱས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།