ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས“ཁྲིམས་དཔོན་གྱིས་གྱོད་དོན་ཞིབ་གཅོད་བྱེད་པའི”ལམ་ལུགས་དོན་འཁྱོལ་ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་དང་། “ཁྲིམས་དཔོན་གྱིས་གྱོན་དོན་ཞིབ་གཅོད་བྱེད་པའི”ལམ་ལུགས་ལག་བསྟར་བྱ་ཆེད། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་གཅོད་ཁང་གཉིས་པའི་ནང་དུ། ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཡོན་ཀྲང་ལི་ཞའོ་ཉིན་གྱིས་ཁྲིམས་ལྭ་གྱོན་ནས་འདྲི་གཅོད་པ་ཆེན་མོའི་ཐོབ་ཐང་གིས་ཁྲིམས་ཐོ་རྡུང་། མཉམ་དུ་ཁུལ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་བྱེད་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་བསམ་བཞིན་དུ་གནོད་འཚེ་གཏོང་བའི (མི་ཤི་རྨས་བཟོས་པ)གྱོད་གཞི་ཡོངས་བསྒྲགས་སུ་ཞིབ་གཅོད་བྱས་ཏེ། དོན་དངོས་སུ་ཁྲིམས་དཔོན་གྱིས་གྱོད་དོན་ཞིབ་གཅོད་བྱེད་པའི་ཆོས་ཉིད་ལག་བསྟར་བྱས།

 ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པ་ཁྲིམས་རར་ཞུགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར་དང་། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཁྲིམས་དཔྱོད་ལས་གཉེར་ཁང་གི་ཁྲིམས་དཔྱོད་པ་ཁྲིམས་རར་ཞུགས་ནས་དག་འབུད་བྱེད་ཅིང་། དོ་བདག་མཁན་གྱི་ཉེ་མི་དང་མང་ཚོགས་ཟུར་ཉན་ལ་ཞུགས།

ཁྲིམས་སའི་འདྲི་གཅོད་སྔོན་ལ། ཡིག་ཁུག་ཞིབ་ཕྲའི་ངང་ཀློག་པ་དང་། གྱོད་དོན་ཞིབ་རྩད། ཁྲིམས་འདྲིའི་ཇུས་གཞི་གཏན་འབེབས་བྱས། ཁྲིམས་འདྲི་ཁྲོད་ཁྲིམས་ལྟར་ཁྲིམས་སའི་བརྟག་དཔྱད་བརྒྱུད་པ་དང་། ཕྱོགས་གཉིས་ཀའི་བདེན་དཔང་དང་ངོ་ཐུག་ར་སྤྲོད། རྩོད་བཤེར་གྱི་བསམ་ཚུལ་ལ་ཉན་ནས། ཞུ་སྦྱོར་ཕྱི་མས་ཆེས་མཇུག་མཐར་གསལ་འདེབས་བྱས། ལྷན་གྲོས་ཁྲིམས་ཁང་གིས་གྱོད་གཞི་ལ་ལྷན་གྲོས་བརྒྱུད་དེ། ཁྲིམས་ར་ནས་ཁྲིམས་བཅད་བསྒྲགས། ཁྲིམས་འདྲི་ཧྲིལ་བོ་དུས་ཚོད་གསུམ་ཙམ་ལ་རྒྱུན་སྐྱོང་བ་དང་འགོ་མཇུག་ཚང་ཞིང་ཡུལ་དངོས་ཀྱི་སྒྲིག་ལམ་ལ་གོ་རིམ་ལྡན། ཁྲིམས་རའི་འདྲི་གཅོད་གསལ་བསྒྲགས་བྱེད་པ་འདིས་དངོས་སུ་བདེན་དཔང་ཁྲིམས་ཁང་ནས་སྟོན་པ་དང་ཁྲིམས་ཁང་ནས་གྱོད་དོན་གྱི་དོན་དངོས་ཞིབ་རྩད། ཞུ་གཏུག་བསམ་འཆར་ཁྲིམས་ཁང་ནས་འདོན་པ། ཁྲིམས་གཅོད་མཇུག་འབྲས་ཁྲིམས་ཁང་ནས་གྲུབ་པ་སོགས་དངོས་སུ་བསྒྲུབས་པས། འདྲི་གཅོད་ལྟེ་བ་ཡིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་བཅོས་བསྒྱུར་གྱི་བླང་བྱ་གང་ལེགས་ཀྱིས་མཚོན་ཡོད།

ཐེངས་འདིར་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་གཙོ་འགན་ཁུར་ནས་གནད་ཆེ་དང་དོགས་གནད་ཡོད་པའི་ཉེས་དོན་གྱོད་དོན་འདྲི་གཅོད་བྱས་པས། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་བཅོས་བསྒྱུར་དང་འདྲི་གཅོད་ལྟེ་བ་ཡིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་བཅོས་བསྒྱུར་སྐུལ་འདེད་གཏོང་བར་དཔེ་སྟོན་དང་ཁྲིད་སྟོན་གྱི་དོན་སྙིང་ལྡན་ཕྱིར།ཁུལ་ཡོངས་ཀྱི་ཁྲིམས་དཔོན་གྱིས་ཁྲིམས་ལྟར་འགན་སྒྲུབ་དང་ཧུར་བརྩོན་གྱིས་གྱོད་དོན་སྒྲུབ་པར་ནུས་བ་ཆེན་པོ་ཐོན། 

དེང་ཕྱིན། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་མུ་མཐུད་དུ་ཁྲིམས་དཔོན་གྱིས་ཁྲིམས་སའི་གནད་ཆེ་དང་དོགས་གནད་ཆེ་བའི་གྱོད་དོན་ཞིབ་གཅོད་བྱེད་པར་སྐུལ་འདེད་གཏོང་བ། གནད་ཆེ་བ་དང་དོགས་གནད་ཆེ་བའི་གྱོད་དོན་གྱི་འདྲི་གཅོད་གསལ་བསྒྲགས་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་ཁྲིམས་དཔོན་གྱིས་གྱོད་དོན་སྒྲུབ་པ་དང་མི་དམངས་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་ཐུན་མོང་གི་བསླབ་ཚན་དུ་གྱུར་ནས། དོན་དངོས་སྟེང “ཧུར་བརྩོན་གྱིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་ཁྲོད་ནས་འདྲ་མཉམ་དང་དྲང་བདེན་མྱོང་ཐུབ་པར་བྱེད་པའི”རེ་བ་ལག་བསྟར་བྱ་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།