ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་གང་ལེགས་སྒོས་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱིས་གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་བསམ་བློ་གསར་བ། ཐབས་ཇུས་གསར་བར་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད། ཏང་དང་རྒྱལ་ཁབ་ཀྱི་དབུལ་བོ་ཇེ་ཉུང་དུ་གཏོང་བ་དང་ཡོང་སྒོ་འཕར་སྣོན་བྱེད་པའི་ལྟེ་བར་དམ་པོར་དམིགས་ནས། གཙོས་གྲོང་ཁྱེར་གྱི་གནད་ཁེལ་དབུལ་སྐྱོར་བྱ་བ་དེ་གཏིང་ཟབ་སྒོས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་དུས་རིམ་ལ་སླེབས།

གཙོས་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་སྒྲོག་འགྲེལ་གྱིས་དབུལ་སྐྱོར་རིག་སྐྱོར་དང་སྲིད་ཇུས་དོན་འཁྱོལ། འགན་འཁྲི་ནན་སྒྲུབ། དབུལ་བོའི་ཁྱིམ་ཚང་གི་ཡིད་ཚིམ་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་ཀྱི་བྱེད་ནུས་གལ་ཆེན་ཐོན། སྡོམ་རྩིས་བྱས་པ་ལྟར་ན། གྲོང་ཁྱེར་ཡོངས་ལ་སྲིད་འཛིན་སྡེ་བ39དང་། སྡོད་ཁུལ8 རང་བྱུང་སྡེ་བ249 རོང་འབྲོག་ཁྱིམ་ཚང5619  ཞིང་སྡེའི་མི་གྲངས་ཁྲི3.44བཅས་ཡོད། གྲོང་ཁྱེར་ཡོངས་སུ་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་རིམ་པ་གསུམ་གྱི་རོགས་སྐྱོར་སྡེ་ཚན88ཡོད་ལ། དེའི་ཁྲོད་དུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་གཉིས་ཀྱིས་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ5(ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིང་གིས་གཙོས་གྲོང་ཁྱེར་སྣ་བུག་ཤང་ཤོ་མང་སྡེ་བར་རོགས་སྐྱོར་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིས་གཙོས་གྲོང་ཁྱེར་ཀླུ་ཤོད་ཤང་ལོ་བ་སྡེ་བ་དང་ཁ་གྱ་སྨད་ཤང་ཧེ་མཁར་སྡེ་བ། སྣ་བུག་ཤང་མར་སྒང་སྡེ་བ། མཛོད་དགེ་སྨད་མ་ཤང་པྲ་ཏི་སྡེ་བ་བཅས་ལ་རོགས་སྐྱོར་བྱེད་ཀྱིན་ཡོད།) ཁུལ་རིམ་པའི་སྡེ་ཚན6གིས་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང6དང་དབུལ་ཕོངས་མིན་པའི་སྡེ་བ1(ཁུལ་སྒྲིག་ཨུས་སྣ་བུག་ཤང་མཐའ་བ་སྡེ་བ་དང་མཛོད་དགེ་སྟོད་མ་ཤང་སྒར་གསར་སྡེ་བ་གཉིས་ལ་རོགས་སྐྱོར་བྱས། ཁུལ་ཕྱུགས་རིགས་ཞིབ་འཇུག་སུའོ་ཡིས་ཁ་གྱ་སྟོད་མུ་ཏོ་སྡེ་བ། ཁུལ་ཡན་ལག་དམག་ཁུལ་གྱིས་ཀླུ་ཤོད་ཤང་གྱི་ལིང་སྡེ་བ་ལ་རོགས་སྐྱོར་བྱས། ཁུལ་མེ་གསོད་ཡན་ལག་རུ་ཁག་གིས་ཀླུ་ཤོད་ཤང་རེབ་ཚ་མདོ་སྡེ་བར་རོགས་སྐྱོར་བྱས་པ་དང་། གཙོས་བཙོན་ཁང་གིས་ཀླུ་ཤོད་ཤང་རྒྱལ་མོ་སྡེ་བ་ལ་རོགས་སྐྱོར་བྱས། ཁུལ་དྲག་སྤྲས་ཉེན་རྟོག་ཡན་ལག་རུ་ཁག་གིས་ཀླུ་ཤོད་ཤང་ཤིང་ར་སྡེ་བར་རོགས་སྐྱོར་བྱས།) འབྲེལ་ཡོད་ཤང་གིས་ཞིང་ཆེན་དང་ཁུལ་རིམ་པའི་སྡེ་ཚན་ལ་གཞོགས་འདེགས་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་སྡེ་བའི་དབུལ་ཐར་དགོས་མཁོ་གནད་ཁེལ་འབྲེལ་མཐུད་བྱ་བ་ལེགས་པར་བསྒྲུབས་ནས། ཞིང་ཆེན་དང་ཁུལ་རིམ་པའི་རོགས་སྐྱོར་སྡེ་ཚན་གྱི་བབ་བཟང་འདོན་སྤེལ་གང་ལེགས་བྱས་ནས་རོགས་སྐྱོར་བྱ་བ་གང་ལེགས་སྒོས་སྤེལ།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།