ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས་དམངས་འཚོའི་ལས་གྲྭར་སྐུལ་འདེད་བཏང་སྟེ་མི་སེར་གྱི་ཐོབ་སྣང་ཇེ་དྲག་ཏུ་བཏང་བ།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས་མང་ཚོགས་ཀྱི་འདོད་པ་དང་རེ་བ་ཚང་མ་བྱ་བའི་འགོ་རྩོམ་ས་དང་རྐང་འཛུགས་སར་བཟུང་ནས། ཐབས་མང་མཉམ་སྤྱོད་དང་དོན་འཁྱོལ་དམ་འཛིན་བྱས་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་འཕེལ་རྒྱས་ལ་བརྩོན་པ་དང་དམངས་འཚོ་གཙོ་བོ་ཡིན་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ལས་ཞུགས་དང་སློབ་གསོ། སྡོད་ཁང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་དངོས་ཐག་གཅོད་བཟང་པོ་བྱས་ཏེ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ལེགས་བཅོས་བྱས།

ད་ལོར་ཞིང་ཆེན་དང་ཁུལ་གྱིས་གཏན་ཁེལ་བྱས་པའི་དམངས་འཚོའི་དོན་དངོས་ཀྱི་ལས་གཞི17བདེ་བླག་ངང་སྐུལ་འདེད་བྱས་ལ། རྫོང་རིམ་པའི་ལྷུ་ལག་སྒྲིག་གཞིའི་མ་དངུལ་ལོ་འཁོར་གྱི་སྔོན་རྩིས་སུ་ཚུད། ལོ་སྟོད་ལ། གྲོང་ཁྱེར་དང་གྲོང་གསེབ་ལ་མ་མཐའི་འཚོ་རྟེན་འགན་སྲུང་དང་ལྔ་སྐྱོང་འགན་སྲུང་གི་མ་དངུལ་སྒོར་ཁྲི1604.45བཏང་ལ། མི986ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི106.43དང་། དབང་བོ་སྐྱོན་ཅན་གྱི་མི390ལ་གསབ་དངུལ་སྒོར་ཁྲི28.08བཏང་། སློབ་གྲྭ 5དང་བྱིས་གཉོར་ཁང19ལ་སློབ་གསོའི་རིགས་ཀྱི་ལས་གཞི་གསར་དུ་བསྐྲུན་ཏེ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ7076ཡིན། བསྡོམས་པས་མ་དངུལ་སྒོར་ཁྲི3252བཏང་།  རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་སུ་ཞུགས་པའི་རོང་འབྲོག་པ་མི38653ཡོད་པ་དེས། མཉམ་ལས་སྨན་བཅོས་སུ་ཞུགས་ཚད་ཀྱིས99.16%ཟིན་ལ། གསབ་དངུལ་སྒོར་ཁྲི565.77ལ་བསླེབས། གྲོང་རྡལ་ལ་གསར་དུ་བསྣན་པའི་ལས་ཞུགས་མི170ལེགས་གྲུབ་བྱུང་བ་དང་། མི300ལ་ལས་ཞུགས་རྩལ་ནུས་དང་ལས་གནས་ནུས་རྩལ་མཐོར་འདེགས་སུ་གཏོང་བའི་ལས་སྐྲུན་གསོ་སྦྱོང་བྱས། ངལ་རྩོལ་བ2120ཕྱིར་བཏང་སྟེ་ཡོང་འབབ་སྒོར་ཁྲི3641.6ལ་བསླེབས། གཅིག་བསྡུས་རང་བཞིན་གྱིའགན་བཅོལ་ལྔ་གཅིག་སྒྲིལ”གྱི་འགན་སྲུང་མ་ལག་ལག་བསྟར་བྱས་ནས། སྤྱི་བའི་ལས་ཞུགས་ཞབས་ཞུ་དང་སྤྱི་ཚོགས་འགན་ལེན་ཞབས་ཞུའིབྱང་གཅིག་ཀུན་རྒྱུག”སྐུལ་འདེད་བཏང་ཞིང་། འགན་བཅོལ་ལྔ་གཅིག་སྒྲིལ”གྱི་མ་ལག་ནང་དུ་བསྡོམས་པས་ལས་ཁུངས157དང་ལས་བཟོ་བ9643གྲོང་རྡལ་གྱི་གྲོང་མི819སོགས་ཕབ་འཇུག་བྱས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།