ཀྲུང་གོ་བོད་ཀྱི་དྲ་བ།

2017ལོའི་ཀྲུང་གོ· ལིན་ཐན· འགོ་ནང་ཐང་ནུབ་རྒྱུད་ཀྱི“རི་གླུ”སྒྱུ་རྩལ་དུས་ཆེན་དང་ཐའོ་ཀྲོའུ་དམངས་སྲོལ་གོམས་འདྲིས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་བརྩམས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། 2017ལོའི་ཀྲུང་གོ· ལིན་ཐན· འགོ་ནང་ཐང་ནུབ་རྒྱུད་ཀྱི“རི་གླུ”སྒྱུ་རྩལ་དུས་ཆེན་དང་ཐའོ་ཀྲོའུ་དམངས་སྲོལ་གོམས་འདྲིས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ནང་ཐང་དུ་འགོ་བརྩམས། ཐེངས་འདིའི་བྱ་འགུལ་གྱིས“འགོ་ནང་ཐང་དུ་བསྐྱོད་དེ་ཤམ་བྷ་ལ་འཚོལ་བ”ཞེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། རིག་གནས་དང་ཡུལ་སྐོར། སྒྱུ་རྩལ་གཞི་གཅིག་ཏུ་འདུས་པའི་དུས་ཆེན་ཞིག་ཡིན་ལ། དམིགས་ཡུལ་ནི་དམངས་ཁྲོད་རིག་གནས་དར་སྤེལ་གཏོང་བ་དང་ཡུལ་སྐོར་རིག་གནས་ཀྱི་སྤུས་ཚད་འཐོར་འདེགས་སུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཡུལ་སྐོར་གྱི་མིང་རྟགས་བསྐྲུན་རྒྱུ་དེ་ཡིན།

ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་བྱ་འགུལ་འགོ་རྩོམ་པ་ཁྱབ་བསྒྲགས་བྱས།

ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུང་། ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི་ཧའོ་ཅུའེ་རྨིན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ལི་རུའེ་ཕིན། ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལིའང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ནན། དྲག་སྤྲས་ཀན་ལྷོ་ཡན་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་དབྱང་ལི་བཅས་བྱ་འགུལ་དུ་ཞུགས།

ཝང་ཡུང་གིས་གཏམ་བཤད་ཁྲོད་དུ་ཀན་ལྷོ་ནི་མེས་རྒྱལ་གྱི་པང་བར་གནས་པའི་ལྗང་མདོག་གི་ནོར་བུ་ལྟ་བུ་ཡིན་ལ། འཛམ་གླིང་སྟེང་གི་ཆེས་ཆེ་བའི་ལྗང་མདོག་གྲོག་རོང་ཁྱུ་དང་ཡ་གླིང་གི་ཆེས་ཆེ་བའི་རང་བྱུང་རྩྭ་ཐང་། ཆེས་མཛེས་པའི་བརླན་ས་བཅས་འཛོམས་ཡོད་པས། མངའ་ཁུལ་གྱི་མཛེས་ལྗོངས་ལྟ་ན་སྡུག་པ་དང་རིག་དངོས་གནའ་ཤུལ་མང་བ། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་ཤིང་ཡུལ་སྲོལ་གོམས་འདྲིས་འབུར་དུ་ཐོན་ཡོད། ཉེ་བའི་ལོ་འགར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་གོང་འཕེལ་གྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་། མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་སྔོན་སྐྱོད་ཀྱི་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཀྱི་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་སྔོན་སྐྱོད་ཀྱི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། དུས་རབས་ཀྱི་ཁྱད་ཆོས་དང་བོད་ཁུལ་གྱི་ཁྱད་ཆོས། ཀན་ལྷོའི་ཁྱད་ཆོས་བཅས་ལྡན་པའི་ལྗང་མདོག་གོང་འཕེལ་གྱི་བགྲོད་ལམ་འཚོལ་ཞིབ་བྱས་ཏེ་ཆགས་ཡོད་ཅེས་བསྟན།

ཐེངས་འདིའི་བྱ་འགུལ་གྱིས་གནས་དང་ཐིག  ངོས་བཅས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ཅིང་།  དེ་དང་མཉམ་དུ་ནུབ་རྒྱུད་ཀྱི“རི་གླུ”བྱ་དགའ་ཆེན་པོ་སྤྲོད་པའི་འགྲན་སྡུར་དང“བསྒྲུབས་རྒྱོའི་མེ་ཏོག་ལུང་བ་དེ་ལེ་དབར་བཅུའི་མེ་ཏོག་བར་འཁྱམས”ཞེས་པའི་མེ་ཏོག་མཆོད་པའི་དུས་ཆེན་སྤེལ་བ་དང་།  སྨྱན་བྱད་ཀྱི་གསར་འགོད་པ་དང་བརྙན་ལེན་པ་བརྒྱ།  ཡུལ་སྐོར་ལས་དོན་ཁང་བརྒྱ་བཅས་འགོ་ནང་ཐང་དུ་སོང་ནས་མཛེས་ལྗོངས་ཁུལ་གྱི་དམངས་སྲོལ་འཚོལ་བསྡུ་དང་ཉམས་ཞིབ་བྱེད་པའི་བཅར་འདྲིའི་བྱ་འགུལ་སྤེལ་ཞིང་། “ཕུན་ཚོགས་སྣ་མང་གི་ལིན་ཐན”ཞེས་པའི་ཡིག་རིས་འགྲེམ་སྟོན་དང་ཚོང་འགུག་དངུལ་འདྲེན་ཉོ་ཚོང་གྲོས་མོལ་གྱི་བྱ་འགུལ་སྤེལ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།