ཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཀྱི་བློ་སྟོབས་གཅིག་ཏུ་བསྡུས་ནས་ནི།། འཕེལ་རྒྱས་ཇུས་ཆེན་མཉམ་དུ་འགོད་པར་བརྩོན།།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2016-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའི་གཏམ་བཤད། (གནད་བསྡུས།)

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྐབས་སུ། འཐུས་མི་རྣམས་ཀྱིས་སྙན་ཞུ་སོ་སོ་དང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ། ཁོར་ཡུག་སྲུང་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། གྲུབ་འབྲས་ཕྱོགས་སྡོམ་དང་གྲོས་འདོན་ཇུས་འབུལ་བྱས། འཐུས་མི་སྐོར་ཞིག་གི་གཏམ་བཤད་གནད་བསྡུས་བཀོད་པ་གཤམ་གསལ་ལྟར།

འཐུས་མི་ཚེ་རིང་དོན་གྲུབ་ཀྱིས་གཅིག་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བཟོ་ཚོགས་ཀྱི་བྱ་བ་དམ་འཛིན་བྱེད་པའི་བསམ་འཆར་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་དང་བཟོ་ཚོགས་ཀྱི་འགྲོ་སོང་དོན་འཁྱོལ་བརྩོན་ལེན་བྱས་ནས། ལོ་རེ་བཞིན་ལས་བཟོ་བ་དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་གྲངས་ཇེ་མང་དུ་གཏོང་དགོས། གཉིས་ནས་ཆས་པའི་གཤིས་ཆུ་རྒྱུད་དང་ཅིའུ་ཏེན་འགག་གི་དཀའ་ཁག་ཆེ་བའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས་ཅིའུ་ཏེན་འགག་དེ་ལན་ཀྲོའུ་ཕྱིའི་མེ་ཏོག་ལྡུམ་རར་བསྐྲུན་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་ལི་རུའེ་ཕིན་གྱིས་གཅིག་ནས་འཕྲོད་བསྟེན་ལས་རིགས་ཀྱི་འཇོན་ཐང་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་དུ་ཤུགས་སྣོན་དང་། ཧུར་ཐག་གིས་ཐེན་ཅིན་སློབ་ཆེན་དང་འབྲེལ་བ་བྱས་ནས། རབ་གསུམ་པའི་དངོས་གཞི་བསྡུ་བའི་སྔོན་དུ་ཀན་ལྷོ་ཁུལ་གྱི་སློབ་མ་བསྡུ་བར་ཁ་ཕྱོགས་པ། གཉིས་ནས་ཁུལ་འཕྲོད་བསྟེན་སློབ་གྲྭས་ཆེད་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་ནས་རྒན་གསོའི་བདེ་སྲུང་དང་ལུས་ཟུང་བདེ་སྲུང་ཕྱོགས་ཀྱི་ཆེད་མཁས་མི་སྣ་གསོ་སྐྱོང་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་དབྱང་ཅན་གོ་ཡིས་ཤུགས་ཆེན་པོས་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་བྱིས་སྙོར་ཁང་དང་སློབ་ཆུང་གི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་། “བྱིས་སྙོར་ཁང་དུ་ཞུགས་དཀའ་བ”དང“སློབ་ཆུང་དུ་ཞུགས་དཀའ་བ”ཡི་གནས་ཚུལ་ཇེ་བཟང་དུ་བཏང་ནས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་སེམས་ནད་དེ་ཐག་གཅོད་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མིའི་ལིའང་མིང་ཀོང་གིས་གཅིག་ནས་ཡུལ་སྐོར་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་ཁོར་ཡུན་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ཀྱི་དངུལ་གཏོང་བ་བརྩོན་ལེན་བྱས་ཏེ། གྲངས་ཉུང་མི་རིགས་ས་ཁུལ་དུ་ལྗང་མདོག་ལྡན་པར་སྐུལ་སྤེལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་འགྲུབ་ཀྱི་དམིགས་འབེན་མངོན་འགྱུར་བྱ་དགོས། གཉིས་ནས་ནང་ལོག་གི་མཐོ་རིམ་སློབ་ཆེན་དུ“ཀན་ལྷོའི་འཛིན་གྲྭ”བཙུགས་ནས་རང་ཁུལ་གྱི་བྱང་ཚད་མཐོ་བའི་འཇོན་ཐང་མི་སྣ་གསོ་སྐྱོང་བྱས་ནས། ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བློ་རིག་ཐད་ཀྱི་རྒྱབ་སྐྱོར་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་ནམ་མཁའ་སངས་རྒྱས་ཀྱིས་ཅོ་ནེ་རྫོང་གིས་གཅིག་ནས་དཔལ་འབྱོར་འཕར་སྣོན་གྱི་ལམ་ཕྱོགས་གསར་བ་འཚོལ་དགོས་པ་དང་། ཕྱོགས་ཡོངས་ནས་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། དཔལ་འབྱོར་གྱི་གདོས་བཅོས་ནུས་ལྡན་སྒོས་གསོ་སྐྱོང་དང་ལྟེ་བའི་ལག་རྩལ་ནུས་པ་མཐོར་འདེགས་སུ་གཏོང་དགོས། གཉིས་ནས་ཁྱད་ཆོས་ལྡན་ཞིང་བབ་བཟང་ཐོན་ལས་བར་དམ་འབྲེལ་དང་ཐོན་ལས་ཀྱི་འབྲེལ་ཐག་ཇེ་རིང་དུ་གཏོང་དགོས། གསུམ་ནས་ནས་དང་སྐེ་ཚེ། ཀྲུང་བོད་སྨན་རྩྭ་སོགས་མདུན་ལམ་ཆེ་བའི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་དང་། འགུལ་ཤུགས་གསར་བ་གསོ་སྐྱོང་དང་འཕར་སྣོན་གཏོང་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་ཀྲའོ་སི་པེ་ཡིས་བསང་ཆུ་རྫོང་གིས་གཅིག་ནས་གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་། གཉིས་ནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གྱི་བྱ་བ་གཙོ་བོར་དམ་འཛིན་བྱ་དགོས། གསུམ་ནས་ཤེས་རིག་གི་ཡུལ་སྐོར་འཕེལ་རྒྱས་བྱ་བ་ཇེ་མགྱོགས་སུ་བཏང་ནས།“བླ་བྲང་གི་བག་ཆགས”ཞེས་པ་བསྐྲུན་དགོས། བཞི་ནས་སྲོལ་རྒྱུན་གྱི་ཕྱུགས་ལས་རིམ་འཕར་བྱ་བ་སྐུལ་སྤེལ་བཏང་ནས་དེང་རབས་ཀྱི་ཕྱུགས་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ལྔ་ནས་མུ་མཐུད་དུ་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་ཀྱི་བྱ་བ་དམ་འཛིན་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་ཕུའུ་ཁྲོན་ཧུང་གིས་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནམ་ཡིན་ཡང“གཏན་འཇགས་སྲུང་སྐྱོང་དེ་ལས་འགན་དང་པོར་བརྩི་བ་དང་བྱས་ཉེས་རྡུང་རྡེག་དེ་བྱ་བ་གཙོ་བོར་གཉེར་བ། ཞབས་འདེགས་གོང་འཕེལ་དེ་བླང་བྱ་དང་པོར་འཇོག་པ། དོ་དམ་གསར་སྤེལ་དེ་ནན་འཛིན་དང་པོ་བྱེད་པ། རུ་དཔུང་འཛུགས་སྐྲུན་དེ་འགན་སྲུང་དང་པོར་བསྟེན་པ”བཅས་ཀྱི་རིག་ལམ་རྒྱུན་འཁྱོངས་བྱས་ནས་ཧུར་ཐག་གིས་འཚོལ་ཞིབ་དང་བཅོས་སྒྱུར་ལ་བསྟུན་པ། ལྟེ་བ་དང་དམ་འབྲེལ། སྤྱི་ལ་ཞབས་ཞུ་བཅས་བྱ་དགོས་ལ། བོད་ཁུལ་གྱི་གཏན་འཇགས་དང་དུག་རྫས་ཚར་གཅོད་སོགས་ཀྱི་བྱ་བ་གལ་ཆེན་འབུར་ཐོན་དང་། 2017ལོར“སྤྱི་བའི་བྱ་བ་འབུར་ཐོན་དང་བྱ་བ་རྐྱང་བ་ཁྱད་ལྡན”ཞེས་པ་ཧུར་བརྩོན་གྱིས་མངོན་འགྱུར་བྱས་ཏེ། ཀན་ལྷོའི་སྤྱི་བདེ“རིམ་འཕར་ཅན”དུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་ལི་ཞའོ་ཉིང་གིས་གཏིང་ཟབ་སྒོས“གསར་སྤེལ་གཉིས”ཀྱི་འཆར་གཞི་ལག་བསྟར་དང་། ལས་ཞུགས་གསར་གཏོད་ཀྱི་གསོ་སྤེལ་ཐེབས་རྩ་བཙུགས་ནས་ནོར་སྲིད་སྔོན་རྩིས་སུ་འཇུག་པ་དང་། ཆེད་གཉེར་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མར་ཧུར་བརྩོན་གྱིས་ལས་ཞུགས་གསར་གཏོད་བྱེད་པར་སྐུལ་སློང་བྱས་ནས། ལས་ཞུགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ལས་ཞུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་མ་ལུང་ཆོན་གྱིས་གཙོས་གྲོང་ཁྱེར་དེ་ཁུལ་སྲིད་གཞུང་གི་གནས་ཡུལ་ཡིན་པའི་ས་ཁོངས་ཀྱི་བབ་བཟང་འབུར་ཐོན་བྱས་ནས། སྐྱེ་ཁམས་ཡུལ་སྐོར་ལས་གཞི་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མི་རིགས་ཀྱི་ཁྱད་ཆོས་ཅན་དུ་སྒྱུར་བཀོད་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། གཙོས་གྲོང་ཁྱེར་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ཚོང་དོན་གྱི་གྲོང་ཁྱེར་དང་ཀན་ལྷོ་ཕྱི་ཕྱོགས་ལ་བསྒྲགས་པའི་མཚམས་སྦྱོར་བྱང་བུ་ལྟ་བུར་འཛུགས་སྐྲུན་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་བཀྲ་ཤིས་ཀྱིས་གྲོས་གཞི་བཏོན་པར། གཅིག་ནས་ཆས་པའི་གཤིས་ས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་དོ་སྣང་དང་རྒྱབ་སྐྱོར་བྱས་ནས་ས་ཆ་དེ་གར་ཡུན་རིང་བདེ་འགོད་མངོན་འགྱུར་བྱུང་བར་སྐུལ་འདེད་བྱ་དགོས། གཉིས་ནས་ཨ་མཆོག་ས་ཁུལ་གྱི་ལས་གཞི་འཛུགས་སྐྲུན་དང་དབུལ་ཐར་ཕྱུག་འགྱུར་སོགས་ཀྱི་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་དགོས། གསུམ་ནས་ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་བཏང་ནས་ཁུལ་ཐད་གཏོགས་ཀྱི་གཙོ་གཉེར་སྡེ་ཁག་གིས་གཅིག་གྱུར་སྒོས་གྲོང་ཁྱེར་མཛེས་ལྡན་གྱི་བྱ་བ་སྲུང་སྐྱོང་དང་དོ་དམ་བྱ་དགོས།།

འཐུས་མི་ལི་ཧྲི་ཝུན་གྱིས་འདས་པའི་ལོ་ལྔ་ནི་ཀན་ལྷོའི་ལོ་རྒྱུས་སྟེང་གི་མ་དངུལ་གཏོང་བ་ཆེས་མང་བ་དང་འཕེལ་རྒྱས་ཆེས་མགྱོགས་པ། མི་དམངས་མང་ཚོགས་ལ་ཕན་ཁེ་ཐོབ་པ་ཆེས་མང་བའི་ལོ་ལྔ་ཡིན། སྙན་ཞུ་ལས་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ཞིང་། འགལ་བ་དང་གནད་དོན་ལ་དབྱེ་ཞིབ་ཡང་དག་དང་ལག་ལེན་མཐའ་འཁྱོལ་བྱས་ཡོད། གཅིག་ཏུ་གཙོས་ནས་རྨེ་རུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལས་གཞི་འགོ་རྩོམ་དགོས། གཉིས་སུ་ཤིང་ཀུན་ནས་འགོ་ནང་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དང་རྫོང་ཡོངས་ཀྱི་མཛེས་ལྗོངས་ཁུལ་ལ་ཡུལ་སྐོར་དུ་འགྲོ་བའི་སྐོར་ལམ་མགྱོགས་པོར་འཛུགས་སྐྲུན་བྱ་དགོས། གསུམ་དུ་ལིན་ཐན་རྫོང་གི་ལས་བྱེད་པའི་མཐའ་འཁོབ་ས་ཁུལ་གྱི་ཁ་གསབ་རོགས་དངུལ་ཇེ་མཐོར་གཏོང་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་ཝང་ཝུའུ་ཡིས་གཅིག་ནས་ཀྲུང་བོད་སྨན་རྫས་ཀྱི་འཕེལ་རྒྱས་སྐུལ་འདེད་བྱས་ཏེ་ཕྱོགས་ཡོངས་ནས་མི་རིགས་ཀྱི་སྨན་རྫས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་ཞབས་ཞུ་དང་། ལུས་སྦྱོང་ངལ་གསོའི་ཞབས་ཞུ། ཡུལ་སྐོར་ལུས་གསོའི་ཞབས་ཞུ། ལུས་སྦྱོང་བདེ་ཐང་ཞབས་ཞུ་སོགས་བདེ་ཐང་ཞབས་ཞུའི་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱ་དགོས། གསུམ་ནས་འཇོན་ཐང་མི་སྣ་གསོ་སྦྱོང་བྱེད་པ“ཡུན་གཏན་གྱི་བརྗོད་བྱ་གཙོ་བོར”བརྩིས་ནས་དམ་འཛིན་བྱེད་པ་དང་། “ཚོགས་པ་ཅན”གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དགེ་རྒན་གྱིས་སློབ་མ་ཁྲིད་པའི་རྣམ་པས“ནམ་ཡང་མི་འགྲོ་བའི”སྨན་བཅོས་རྐང་འཛིན་རུ་ཁག་བརྒྱ་ཕྲག་སྟོང་ཕྲག་གསོ་སྐྱོང་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་དཀོན་མཆོག་དར་རྒྱས་ཀྱིས་གཅིག་ནས་རྡོ་ར་རང་བྱུང་སྲུང་སྐྱོང་ས་ཁུལ་དང་སྟག་ར་ནགས་ཁུལ་མཉམ་དུ་ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མར་རེ་འདུན་ཡར་ཞུ་བྱ་དགོས། གཉིས་ནས་ནགས་ཚལ་བདག་དབང་ས་གནས་སུ་ཚུད་པའི་མངའ་ཁོངས་ཀྱི་མང་ཚོགས་ཚང་མ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཏུ་ཞུགས་པར་འབོད་སྐུལ་གཏོང་དགོས། གསུམ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱ་དགའ་གསབ་དངུལ་སྲིད་ཇུས་དང་སྐྱེ་ཁམས་གནས་སྤོར་གཏོང་སྤྲོད་བརྩོན་ལེན་ཤུགས་ཚད་ཇེ་ཆེར་གཏོང་དགོས། བཞི་ནས་ཐེ་བོ་རྫོང་གི་སྡོང་ཕྲུག་ཉོ་ཚོང་གནད་དོན་ཐག་གཅོད་འོས་འཚམ་ཡོང་བ་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་བློ་བཟང་ཡོན་ཏན་རྒྱ་མཚོ་དང་དབྱང་ཀྲི་དབྱིན། ཝང་ཡུས་ལིན། རྨིན་ཨེར་ལི། དཀོན་མཆོག་འཚོ་བཅས་ཀྱིས་གྲོས་གཞི་བཏོན་པར། གཅིག་ཏུ“མི་བསྡུ་བ་གཉིས་དང་ཁ་གསབ་གཅིག”གི་སློབ་ཞུགས་སྔོན་གྱི་སློབ་གསོའི་སྲིད་ཇུས་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོར་ཁ་ཕྱོགས་པ་བྱ་དགོས། གཉིས་སུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྱབ་གདལ་ཤུགས་ཚད་རྒྱུན་མཐུད་ངང་ཇེ་ཆེར་བཏང་ནས་སློབ་གྲྭའི་བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་བྱ་བར་ཤུགས་སྣོན་དགོས་ལ། དགེ་རྒན་གྱི་ཐོན་ཁུངས་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། གཞི་རིམ་དགེ་རྒན་གྱི་དཔུང་ཁག་སྒྲིག་གཞི་ལུགས་མཐུན་མིན་པའི་གནད་དོན་ཐག་གཅོད་པར་དོ་སྣང་བྱས་ནས། དགེ་རྒན་གྱི་སྟོབས་ཤུགས་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། གསུམ་དུ་ཡུལ་སྐོར་ལས་ཞུགས་མི་སྣ་དང་མགྲོན་ཁང་། གསོལ་མགྲོན་ཁང་གི་ཞབས་ཞུ་བ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། འདུ་ཤེས་བསྒྱུར་ཏེ་ཡུལ་སྐོར་བརྙན་ཚབ་པ་བཟང་པོ་བྱ་དགོས།།

འཐུས་མི་དབྱང་ཡོན་ཧྭ་ཡིས་གཅིག་ཏུ་ཀླུ་ཆུ་རྫོང་གི་ལས་དོན་སྡེ་ཚན་གྱི་སྒྲིག་ཁོངས་གྲངས་འབོར་འཕར་སྣོན་བྱ་དགོས། གཉིས་སུ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་མཐུན་སྦྱོར་བྱས་ཏེ་ཀླུ་ཆུ་རྫོང་གི་སྒྲིག་ཕྱིའི་རྒྱགས་ལེན་བརྡ་སྤྲོད་མི་སྣའི་ཁ་གྲངས་འཕར་སྣོན་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་གུར་ལོས་གཅིག་ནི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བསམ་འཆར་དང་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་ནས་སྒྲུབ་ཐག་གཅོད་ཚད་ཇེ་མཐོར་གཏོང་དགོས། གསུམ་ནི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ལ་སྔར་ལས་བཟང་བའི་ཞབས་ཞུ་འདོན་སྤྲོད་བྱེད་པར་ཅུང་བཟང་བའི་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་ཚེ་རིང་བཀྲ་ཤིས་ཀྱིས་ལས་འཁྱུར་ངལ་གསོའི་ལོ་ཚོད་འོས་འཚམ་གྱིས་གུ་ཡངས་གཏོང་བ་དང་འབྲེལ་ཡོད་སྲིད་ཇུས་ལ་གཞིགས་ནས་ཕོ་མོའི་དབྱེ་བ་མི་འབྱེད་པར། ལོ 50ལོན་ཞིང་ལས་ཞུགས་དུས་ཡུན་ལོ 20འགོར་ཚེ་ལས་འཁྱུར་ངལ་གསོ་བྱེད་པར་ཆོག་མཆན་གནང་སྟེ། ལས་འཁྱུར་ངལ་གསོ་བྱས་པའི་མ་དངུལ་ཚང་མ་སྤྱོད་རྒྱུའི་གྲོས་གཞི་བཏོན།།

འཐུས་མི་ངག་དབང་གིས་གྲོས་གཞི་བཏོན་པར། གཅིག་ཏུ་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་ནས་རྩྭ་ཐང་གི་ཨ་བྲའི་གནོད་པ་དང་བྱེ་འགྱུར། ཞན་འགྱུར་གྱི་གནད་དོན་བཀག་འགོག་བྱ་དགོས། གཉིས་སུ་ནོར་ལུག་འགན་བཅོལ་གྱི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས།།

འཐུས་མི་སྙིང་དཀར་གྱིས་གཅིག་ཏུ་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཁ་གསབ་བྱ་དགའི་མ་དངུལ་འགྲེམ་གཏོང་བྱེད་པ་དང་རྩྭ་ཕྱུགས་དོ་མཉམ་གྱི་ཕྱུགས་ཟོག་ཉུང་གཏོང་དང་འབྲེལ་དགོས། གཉིས་སུ་མཐུན་སྦྱོར་ཤུགས་ཚད་ཇེ་ཆེར་བཏང་ནས། ཨ་མྱེས་གཉན་ཆེན་བྱང་ངོས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། སྐྱེ་ཁམས་འཆམ་མཐུན་དང་བརྟན་པོའི་ངང་གོང་འཕེལ་འབྱུང་བར་སྲུང་སྐྱོབ་བྱ་དགོས་ཟེར།།

འཐུས་མི་ཝང་ཞུའེ་ཝུན་གྱིས་གྲོས་གཞི་བཏོན་པར། གཅིག་ཏུ་སྲིད་ཇུས་དང་བསྟུན་པའི་འགན་སྲུང་རྐྱེན་སྲོལ་གཏན་འབེབས་བྱས་ནས་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་ཆེ་དང་རྒན་གསོ་ཞབས་ཞུའི་ཆེད་ལས་མི་སྣ་གསོ་སྦྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་རྒན་གསོ་བདག་སྐྱོང་སྒྲིག་གཞི་འཛུགས་གཉེར་བྱ་དགོས། གཉིས་སུ་སློབ་གསོའི་དགེ་རྒན་དཔུང་ཁག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། རང་ཁུལ་དུ་མི་རིགས་སློབ་གསོའི་གསོ་སྦྱོང་ལྟེ་བ་འཛུགས་པ་དང་རང་སའི་དགེ་རྒན་གསོ་སྦྱོང་བྱེད་པའི་ལས་འགན་འཁུར་དགོས། གསུམ་དུ་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་ཟས་རིགས་བདེ་འཇགས་སློབ་གསོའི་འདེམས་སྦྱོང་བསླབ་ཚན་བཙུགས་ནས། སློབ་གྲྭ་ཆུང་འབྲིང་སློབ་མའི་ཟས་རིགས་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་དགོས།།

འཐུས་མི་ལིའུ་ཁྲིན་ལུའི་ཡིས་ལོ་མང་པོར་ཉམས་གསོ་མ་བྱས་པ་དང་རྒྱུན་ལྡན་དུ་ཆུ་འདོན་སྤྲོད་བྱ་མི་ཐུབ་པའི་རོང་འབྲོག་སྡེའི་བདེ་འཇགས་འཐུང་ཆུའི་ལས་གྲྭར་ཉམས་གསོ་དང་བསྒྱུར་བཀོད་བྱ་དགོས་ཞེས་བཤད། །

འཐུས་མི་ཝང་ཞའོ་ཞ་ཡིས་གློག་རྡུལ་ཚོང་དོན་གོང་འཕེལ་འབྱུང་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་མང་ཚོགས་ལ་དྲ་ཐོག་ནས་དངོས་པོ་ཉོ་བ་དང་། ལས་སྐྲུན་ཆ་འཕྲིན་དང་རིན་གོང་ཆ་འཕྲིན་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་ཆིན་ཨ་སྒྲོན་གྱིས་གྲོས་གཞི་བཏོན་པར། གཅིག་ཏུ་མང་ཚོགས་ལ་རྒུན་འབྲུམ་གྱི་སྡོང་མྱུག་སྤུས་ལེགས་མང་པོ་འདོན་སྤྲོད་བྱེད་པ་དང་འདེབས་འཛུགས་ལག་རྩལ་གསོ་སྦྱོང་གི་ཤུགས་ཚད་ཇེ་ཆེར་བཏང་ནས། འབྲུག་ཆུ་ཏ་ཁྲོན་གྲོང་རྡལ་གྱི་རྒུན་འབྲུམ་སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་འདེབས་འཛུགས་ཁེ་ཕན་ཇེ་མཐོར་གཏོང་དགོས། གཉིས་སུ་གློག་རྡུལ་ཚོང་གཉེར་བྱེད་པའི་སྟེགས་བུ་བསྐྲུན་ཏེ། ཏ་ཁྲོན་གྱི་རང་བྱུང་དང་ལྷད་མེད་ཀྱི་རྒུན་འབྲུམ་དང་རྒུན་ཆང་གློག་རྡུལ་ཚོང་གཉེར་གྱི་ལམ་བུར་བསྐྱོད་དགོས།།

འཐུས་མི་དབྱང་ལུང་ལྷ་ཡིས་གཅིག་ནི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱེད་ཐབས་འོས་འཚམ་གྱིས་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གཙང་ཞིང་སྐྱིད་པའི་ཡུལ་སྐོར་ཁོར་ཡུག་བསྐྲུན་དགོས། གཉིས་ནི་རོང་འབྲོག་སྡེ་བའི་མེ་ཟོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མེ་གསོད་མེ་འགོག་གི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་བྱམས་སྟོབས་དང་སྐྱ་འདིག་གིས་གྲོས་གཞི་བཏོན་པར། གཅིག་ཏུ་རྨ་ཆུའི་ཆེད་ལས་སློབ་གྲྭ་ཆེ་འབྲིང་ནས་ཐོན་པའི་སློབ་མར་ལས་ཞུགས་ཐབས་ལམ་ཉུང་བས། རེ་བར་འབྲེལ་ཡོད་སྲིད་ཇུས་བཏོན་ཏེ་རྒྱུགས་ལེན་བརྡ་སྤྲོད་ཀྱི་གྲངས་འབོར་དང་སློབ་བསྡུའི་ཆ་རྐྱེན་འོས་འཚམ་གྱིས་རྨ་ཆུ་རྫོང་ལ་གཟིགས་སྐྱོང་བྱ་དགོས། གཉིས་ནི་རྨ་ཆུ་ནས་སི་ཁྲོན་སྨིན་ཐང་ཤང་བར་དུ་རིམ་པ་གཉིས་པའི་གཞུང་ལམ་བཟོ་སྐྲུན་བྱེད་པ་དང་། སྨད་མ་ནས་སི་ཁྲོན་ཐང་སྐོར་གྱི་འབྲེལ་ཟམ་འཛུགས་སྐྲུན་བྱས་ཏེ་ཡུལ་སྐོར་གྱི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱ་དགོས་། གསུམ་ནི་ཞན་འགྱུར་དང་བྱེ་འགྱུར་རྩྭ་ཐང་སྲུང་སྐྱོང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།། 

འཐུས་མི་སྒྲོལ་དཀར་འཚོ་ཡིས་བཤད་པར། གཅིག་ནི་སྐྱེ་ཁམས་ཁ་གསབ་ཀྱི་ཤུགས་ཚད་སྔར་བས་ཆེ་རུ་བཏང་ནས་སྐྱེ་ཁམས་བྱ་དགའི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། གཉིས་ནི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་བྱ་བ་དང་འཚོ་བ་འགན་སྲུང་གི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ནས། སྲིད་ཇུས་ཐད་ནས་མཐོ་རིམ་ཤེས་ལྡན་མི་སྣའི་ཐོབ་ཐང་དང་ཕོགས་སྣོན་འགན་སྲུང་ཐད་དུ་ཕྱོགས་དགོས། གསུམ་ནི་ཞག་སྡོད་ལམ་ལུགས་སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་སྐོང་གསབ་དང་ཇེ་དྲག་ཏུ་བཏང་ནས། ཞག་སྡོད་ལམ་ལུགས་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།།

འཐུས་མི་ཀྲོའུ་མེ་ཡིས་གཅིག་ཏུ་ལས་གཞི་དང་མ་དངུལ་གྱི་ཐད་ནས་ཚ་ཁུངས་བཟོ་གྲྭ་དང་པོའི་རིམ་པ་དང་པོའི་སྦུག་ལམ་དྲ་བ་སྒྱུར་བཀོད་ཐད་རྒྱབ་སྐྱོར་བྱ་དགོས། གཉིས་སུ་ཀླུ་ཆུ་གཙོས་སུ་འདྲེན་པའི་ལས་གྲྭ་འཛུགས་སྐྲུན་ལ་མུ་མཐུད་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། སྔ་མོར་ལེགས་གྲུབ་འབྱུང་བར་འབད་པ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་སྔ་མོ་ནས་ཕན་པ་ཐོབ་ཏུ་འཇུག་དགོས། གསུམ་དུ་བཟོ་ལས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བཟོ་ལས་ཁུལ་དུ་ཞུགས་པའི་ཁེ་ལས་ཐོན་ལས་འཕེལ་རྒྱས་ཐད་དུ་རྒྱབ་སྐྱོར་བྱ་དགོས། བཞི་རུ་འཆར་འགོད་ལག་བསྟར་བྱེད་པའི་ཐད་དུ་རྒྱབ་སྐྱོར་བྱས་ཏེ། ཀྲུང་དབྱང་གི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ་ལ་གཞིགས་ནས་ལག་བསྟར་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་དབྱང་དོན་དགའ་ཡིས་བཤད་པར། གཅིག་ཏུ་ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་མཐོང་ཆེན་དང་ཤུགས་སྣོན་དགོས། གཉིས་སུ་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་པ་དང་ཚད་ལྡན་དུ་གཏོང་བར་མཐོང་ཆེན་དང་ཤུགས་སྣོན་དགོས། གསུམ་དུ་རྒྱའི་ཡུལ་སྐད་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་མཐོང་ཆེན་དང་ཤུགས་སྣོན་དགོས། །

འཐུས་མི་དཀོན་མཆོག་དང་གྲགས་པ་རྒྱ་མཚོ་ཡིས་གཅིག་ཏུ་གཙོས་ནས་འགོ་ནང་ཐང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་ལས་གཞིའི་འཛུགས་སྐྲུན་ལས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་གནོད་སྐྱོན་སླར་གསོ་བྱ་དགོས། གཉིས་སུ་གྲྭ་བའི་རྒན་གསོ་འཛུགས་སྐྲུན་བྱ་དགོས་པའི་གྲོས་གཞི་བཏོན།།

འཐུས་མི་ཀླུམ་ཏེ་ཡིས་བཤད་པར། གཅིག་ནི་རྟགས་བྱང་སྣ་ཚོགས་སུ་བོད་རྒྱ་སྐད་ཡིག་གཉིས་ཚད་ལྡན་ངང་བེད་སྤྱོད་བྱ་རྒྱུ། གཉིས་ནི་གནད་ཁེལ་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཏེ་དབུལ་ཕོངས་མིན་ལ་ཡིག་ཚགས་མ་བཀོལ་བའི་ཁྱིམ་ཚང་གིས་ཀྱང་རྒྱལ་ཁབ་ཀྱི་གནད་ཁེལ་དབུལ་ཐར་གྱི་འབྲེལ་ཡོད་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་པ་བྱ་རྒྱུ། གསུམ་ནི་གཙོས་གྲོང་ཁྱེར་ཀླུ་ཤོད་ནགས་ཁུལ་དེ་རྒྱལ་ཁབ་ཀྱི་རེས་སྐོར་གཉིས་པའི་རང་བྱུང་ནགས་ཚལ་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་འཇུག་རྒྱུ། བཞི་ནི་གཞུང་ལམ་འགྲམ་རྒྱུད་དུ་རླངས་འཁོར་དང་ཕྱུགས་ཟོག་འགྲིམ་འགྲུལ་དོན་རྐྱེན་བྱུང་བར་འབྲེལ་ཡོད་སྐྱིན་ཚབ་སྤྲོད་པའི་སྲིད་ཇུས་དང་ཚད་གཞི་གཏན་ཁེལ་བྱེད་པ་དང་། གང་འདོད་དུ་སྐྱིན་ཚབ་ལེན་པའི་སྣང་ཚུལ་གཏན་འགོག་བྱ་རྒྱུ། ལྔ་ནི་ད་ལྟ་ལས་གནས་སུ་ཡོད་པ་དང་ལས་གནས་ལས་བུད་པའི་སྡེ་བའི་ལས་བྱེད་པར་འདྲ་མཉམ་གྱི་ཆ་རྐྱེན་འོག་བོད་ཁུལ་གྱི་སྡེ་བ་གཞན་པའི་ལས་བྱེད་པའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་རྒྱུ། དྲུག་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྡེ་བའི་དངོས་ཡོད་གནས་ཚུལ་དང་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ། བདུན་ནི་ཤང་གྲོང་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཁུལ་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་ཁུར་བའི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།