ཀྲུང་གོ་བོད་ཀྱི་དྲ་བ།

ཝང་སན་ཡུན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བརྙན་བརྡའི་ཚོགས་འདུ་ཚོགས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2016-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་ཝང་སན་ཡུན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འདོན་བྱེད་པའི་བརྙན་བརྡའི་ཚོགས་འདུ་ལན་ཀྲོའུ་རུ་ཚོགས། ཁུལ་གྱི་འགོ་ཁྲིད་པ་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། བཀྲ་ཤིས་འཚོ། ཝང་ཡུང་སོགས་ཀྱིས་ཀན་ལྷོའི་ཡན་ལག་ཚོགས་རར་ཞུགས།

ཝང་སན་ཡུན་གྱིས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་ངེས་པར་དུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ལོ་རྒྱུས་དང་བྱས་རྗེས་ཡང་དག་སྒོས་ཁོང་དུ་ཆུད་པ་བྱ་དགོས། ཐེངས་འདིའི་གྲོས་ཚོགས་ལ་མཚོན་བྱེད་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་གྲུབ་འབྲས་ཆེན་མོ་ཡོད་ལ། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་སྲོག་ཤིང་ཡིན་པའི་གོ་གནས་གསལ་བོ་བྱས་ནས། “བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང”ཞེས་པ་དངོས་སུ་བཏོན། གཅིག་ནས་མཚར་སྡུག་ལྡན་པའི་གྲུབ་འབྲས་ལས་སྲོག་ཤིང་གི་གལ་ཆེན་རང་བཞིན་ཤེས་རྟོགས་བྱ་དགོས། གཉིས་ནས་བྱ་བཞག་གི་འཕེལ་རྒྱས་ཁྲོད་ནས་སྲོག་ཤིང་ཡིན་པའི་གོ་གནས་ཇེ་དྲག་ཏུ་གཏོང་དགོས། གསུམ་ནས་བྱ་སྤྱོད་དངོས་ནས་སྲོག་ཤིང་གི་དབང་གྲགས་སྲུང་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།

    ཚོགས་ཞུགས་མི་སྣས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་སན་ཡུན་གྱི་ཆེད་དོན་གསབ་ཁྲིད་ཀྱི་སྙན་ཞུ་འགག་རྩར་བཟུང་ནས། གཏིང་ཟབ་སྒོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱ་རྒྱུ་ནི་མིག་སྔར་ཆེས་གནད་འགག་ཆེ་བའི་ཆབ་སྲིད་ལས་འགན་ཞིག་ཡིན་པ་སེམས་སུ་བཅངས་པ་དང་ལག་ཏུ་དམ་འཛིན། ཕྲག་ཏུ་འཁུར་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་དོན་འཁྱོལ་གྱི་བྱ་བ་སྔར་ལས་ནན་འཛིན་བྱས་ཏེ་གྲུབ་འབྲས་ཐོན་པར་བྱ་དགོས། ངེས་པ་དོན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་ཡག་པོ་ཞིག་སྐྲུན་པའི་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། ཁུལ་ཡོངས་ཀྱི་ཕྱོགས་སོ་སོའི་ལས་དོན་འཕེལ་རྒྱས་ཀྱི་གནས་བབ་གསར་བ་འབྱེད་པའི་འགུལ་ཤུགས་ཆེན་མོར་བསྒྱུར་ནས། མཛེས་ཤིང་སྐྱིད་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་པའི་བསམ་ཚུལ་བཏོན།
    ཀན་ལྷོའི་ཡན་ལག་ཚོགས་ར་རུ་ད་དུང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དག་ཀྱང་ཞུགས་ཡོད། རྫོང་སོ་སོ་དང་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་བཙུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།