ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་གཙོས་སུ་གཟབ་རྒྱས་ངང་ཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ 11པའི་ཚེས 13ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀན་ལྷོ་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་གཙོས་སུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཞུས་ཆང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

ཐེངས་འདིའི་ཚོགས་ཆེན་ལ་ཞུགས་འོས་པའི་ཨུ་ཡོན218ཡོད་ཅིང་དངོས་སུ་ཞུགས་པའི་ཨུ་ཡོན212ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི། ཞུས་ཆང་། དབྱང་སྒྲོལ་མ། ཀྲའོ་ཧུང་ཚའེ། དབྱང་ཞའོ་ནན། ཏུང་ཀྲེན་གོ ཝང་ཧྥུང་། ཞུས་ཅིན། རྨིན་ཝུན་ཧའེ་བཅས་ཡིན།  ཐེངས་འདིའི་ཚོགས་ཆེན་ལ་ཞུགས་པའི་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལ་ད་དུང་ཝང་ཡ་ནན། དུས་འཁོར་ཚང་། ཨན་ཞི་ལིན། རྨིན་ཀྲན་པའོ། ཆོན་ཡུང་ཁང་བཅས་ཡོད།

གདན་ཞུས་ལྟར་ཐེངས་འདིའི་ཚོགས་ཆེན་དུ་ཞུགས་པའི་ཁུལ་གྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ལ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་སུང་ཀྲན་ཝུན། ཁུལ་ཨུའི་རྒྱུན་ཨུ་ཧྥན་ཝུའུ་ཏེ། ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ངམ་ཁུལ་དཔོན་གཞོན་པ་དབྱང་སྒྲོལ་མ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨན་ཀྲི་དབྱིན། ཚེ་རིང་དོན་གྲུབ། ལི་རུའེ་ཕིན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། ཧྲི་ཀྲན་ལིའང་། ཀྲའོ་སི་པེ། ཕུའུ་ཁྲོན་ཧུང་། ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དབྱང་ཀྲུའུ་ཆིན། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ལི་ཝེ་ཕིན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཞའོ་ཉིན། འགོ་གཙོ་ལི་ཧྲི་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་མ་ལུང་ཆོན། འགོ་གཙོ་བཀྲ་ཤིས། དྲག་སྤྲས་ཉེན་རྟོག་ཀན་ལྷོའི་ཡན་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ལིའུ་ཞིན་ཀུའེ། ཡན་ལག་རུ་ཁག་གི་འགོ་གཙོ་ཁྲིན་ཀྲི་ཅུན། སྐབས་བཅུ་གསུམ་པའི་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁྲའེ་ཅན་ཅུན། ཝང་ཁྲོན་ཧྭ། ཚེ་དགའ། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་བཅས་ཡོད།

ཐེངས་འདིའི་ཚོགས་ཆེན་ལ་ཟུར་ཞུགས་བྱས་པའི་ཀན་ལྷོར་སྡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་སྐབས་བཅུ་གསུམ་པའི་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་སོ་སོ་དང་གཞུང་སྒྲུབ་ཁང་སོ་སོའི་འགན་ཁུར་བློ་མཐུན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཁུལ་ཨུའི་གཞུང་སྒྲུབ་ཁང་། ཁུལ་སྲིད་གཞུང་གི་གཞུང་སྒྲུབ་ཁང་། ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་ཨུའི་སྲིད་ཁྲིམས་ཨུ་དང་། ཁུལ་ནང་བསྟན་མཐུན་ཚོགས། དབྱི་སི་ལན་མཐུན་ཚོགས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཡོད། ཁུལ་སྲིད་གྲོས་ཨུ་ཡོན་ཞུས་ཆང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁྲེ་ཅན་ཅུན་གྱིས་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ་བ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ཧུང་ཚའེ་ཡིས་སྲིད་གྲོས་ཀན་ལྷོ་ཁུལ་གྱི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ།

ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས་ཤིང་གཏམ་བཤད་གལ་ཆེན་གནང་།

 ཁོས་བཤད་པར། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཚོགས་འདུ་དེ་རིང་གཟབ་རྒྱས་ངང་འགོ་ཚུགས་སོང་།   འདི་ནི་རང་ཁུལ་ལ་མཚོན་ན་ཁུལ་ཡོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པ་ཚོགས་ཚུན་ཁུལ་ཡོངས་ཀྱི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་གལ་ཆེའི་བྱ་གཞག་ཅིག་ཡིན།  དེ་ནི་མགོ་འཛུགས་ས་གསར་བ་ཞིག་དང་མདུན་ལམ་གསར་བ་ཞིག་གི་འགོ་ཚུགས་པའི་གཟབ་རྒྱས་ཚོགས་ཆེན་ཞིག་ཡིན།  དེ་ན་ཐོག་མར་ངས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་བ་དང་ཚོགས་ཐོག་ཏུ་ཞུགས་པའི་ཁུལ་སྲིད་གྲོས་ཀྱི་སྐབས་གསར་བའི་ཨུ་ཡོན་རྣམས་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུ་རྒྱུ་ཡིན།

ཡུས་ཁྲིན་ཧུའེ་ཡིས་བསྟན་པར།   འདས་བའི་ལོ་ལྔའི་རིང་ནི་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པ་དང་ཁུལ་ཨུ།  ཁུལ་སྲིད་གཞུང་ནི་གཅིག་སེམས་གཅིག་གཏད་དང་གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་།  སེམས་ཤུགས་གཅིག་སྒྲིལ་གྱིས་ཀན་ལྷོ་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་མགྱོགས་མྱུར་སྒོས་སྐུལ་འདེད་བྱེད་པའི་ལོ་ལྔ་ཡིན།  ཕྱོགས་ཡོངས་ནས་དཔལ་འབྱོར་དང་ཆབ་སྲིད།  རིག་གནས་དང་སྤྱི་ཚོགས།  སྐྱེ་ཁམས་དཔལ་ཡོན་དང་ཏང་གི་འཛུགས་སྐྲུན་སོགས་ཀྱི་བྱ་བར་ཤུགས་བསྣན་ནས།  ཁུལ་བཙུགས་ཏེ་ལོ་འཁོར 60ལོན་པའི་དགའ་སྟོན་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བས།  དཔལ་འབྱོར་བརྟན་པོའི་ངང་འཕེལ་བ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་བྱེད་པ།   མི་རིགས་མཐུན་སྒྲིལ་ཡར་རྒྱས་དང་ཆོས་ལུགས་ཞི་མཐུན་ལམ་ལྷོངས།  མི་དམངས་བདེ་སྐྱིད་ལྡན་ཞིང་ལས་ལ་སྤྲོ་བའི་རྣམ་པ་ཞིག་ཆགས་འདུག་པས་ཀན་ལྷོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་གླེགས་བམ་ཁྲོད་རྣམ་པ་གསར་བ་ཞིག་མངོན་པར་མཚོན་འདུག

ཡུས་ཁྲིན་ཧུའེ་ཡིས་བསྟན་དོན། ཁུལ་སྐབས་བཅུ་གཉིས་པའི་ཏང་གི་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་བའི་སྐབས་འདི་ལ་ཁུལ་ཨུའི་འགོ་ཁྲིད་གསར་བ་འདེམས་ཐོན་བྱུང་བ་དང་།  དེང་ཕྱིན་གྱི་ལོ་ལྔའི་མཛུབ་ཁྲིད་ཀྱི་བསམ་བློ་དང་འབད་བརྩོན་གྱི་དམིགས་འབེན་།  བྱ་བའི་འོས་འགན་གཙོ་བོ་དག་གཏན་ཁེལ་བྱུང་བས་ཚན་རིག་དང་ལྡན་པའི་སྒོ་ནས་ཀན་ལྷོའི་མ་འོངས་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་བཙུགས།  དེ་བཞིན་ནུས་ཤུགས་ཡོད་རྒུད་ཀྱིས་“རྣམ་པར་བཀྲ་བའི་རང་བྱུང་སྐྱེ་ཁམས་དང་ཞི་མཐུན་གཏན་འཇགས་ཀྱི་སྤྱི་ཚོགས་སྐྱེ་ཁམས།  སྐྱེ་སྟོབས་ཀྱི་དཔལ་འབར་བའི་དཔལ་འབྱོར་གྱི་སྐྱེ་ཁམས་དང་འོད་སྟོང་རབ་ཏུ་འཕྲོ་བའི་སྤྱི་ཚོགས་རིག་གནས་ཀྱི་སྐྱེ་ཁམས།    མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་སྐྱེ་ཁམས”སོགས་འཛུགས་སྐྱོང་བྱེད་དགོས།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་ལ་རྒྱལ་ཁ་ལེན་པར་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་ལས་བྱེད་མི་སྣའི་མཐུན་སྒྲིལ་འབད་འཐབ་དང་། ཕྱོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་སྲིད་གྲོས་རིམ་པ་སོ་སོ་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱི་གྲོས་གཞི་བཏོན་པ་ལ་འབྲེལ་བ་ཟབ་མོ་ཡོད།   སྐབས་གསར་བའི་སྲིད་གྲོས་འགོ་ཁྲིད་ཚན་ཁག་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་ཁུལ་སྐབས་བཅུ་གཉིས་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་འབད་འབུངས་ཡར་བརྩོན་གྱི་བྱ་བའི་བློ་སྟོབས་དང་སྤོབས་པ་བསྐྱེད་པ་དང་ཕུགས་མདུན་ཡིད་ལ་བཅངས་ནས་ཀན་ལྷོ་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ཀྱི་བགྲོད་ལམ་གསར་བའི་ཁྲོད་བྱས་རྗེས་བླ་མེད་འཇོག་པ་ལ་སྐུལ་དགོས།    ཁུལ་ཨུའི་ཚབ་བྱས་ཏེ་སྲིད་གྲོས་ཀྱི་རབས་གསར་བའི་བྱ་བཞག་ཏུ་རེ་བ་འགའ་འདོན་པར་བྱེད། གཅིག འགོ་འཇུག་བར་གསུམ་དུ་ཐོག་མའི་བློ་མི་བརྗེད་ཅིང་ཆབ་སྲིད་གཏན་ཤུགས་རྒྱུན་འཛིན་གཞི་རུ་ཡང་དག་ཁ་ཕྱོགས་བརྟན་པ།   གཉིས། ཐོག་མཐའ་བར་གསུམ་དུ་རྡོག་རྩ་གཅིག་སྒྲིལ་དང་ཕྱོགས་ཅི་རིགས་ཀྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་བརྟན་འཇགས་སྲུང་སྐྱོབ་བྱེད་པ།   གསུམ། ཐོག་མཐའ་བར་གསུམ་དུ་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ནས་ཐབས་འདོན་ཇུས་འབུལ་བཅོས་སྒྱུར་འཕེལ་རྒྱས་སུ་ཞབས་ཞུ་བྱེད་དགོས།   བཞི། ཐོག་མཐའ་བར་གསུམ་དུ་རང་འགུལ་གྱིས་རང་ལུས་འཛུགས་སྐྲུན་དུ་ཤུགས་སྣོན་པའི་སྦྱོང་བརྡར་ཁྲོད་དུ་ནུས་པ་སྲ་འཐས་སུ་གཏོང་དགོས།

ཁྲའེ་ཅན་ཅུན་གྱིས་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར《སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ》ཕུལ། སྙན་ཞུ་ཡིས་ལྷོད་ཡངས་མེད་པར་བསམ་བློ་གཞུང་ལུགས་ཀྱི་འཛུགས་སྐྲུན་རྒྱུན་བསྐྱངས་ཏེ། སྲིད་གྲོས་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ངོས་འཛིན་ཡང་དག་བྱས་པ་ཡིན། ཁྱོན་ཆེན་གོང་འཕེལ་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་ནས་ལས་འགན་སྒྲུབ་པའི་ནུས་ཆོད་མཐོ་རུ་བཏང་བ། དམངས་དོན་འདུ་ཤེས་ཀྱི་ལས་འགན་རྒྱུན་བསྐྱངས་ཏེ། དམངས་འཚོ་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་བ། དམངས་གཙོ་དང་མཐུན་སྒྲིལ་ལ་སྐུལ་སྤེལ་བྱས་ཏེ་འཆམ་མཐུན་དང་གཏན་འཇགས་ལ་སྲུང་སྐྱོབ་བྱས་པ། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་ལས་ཆོད་ནུས་པ་མཐོར་འདེགས་སུ་བཏང་བ་བཅས་ཕྱོགས་ལྔའི་ཐད་ནས་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅུ་གསུམ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བ་ཕྱོགས་སྡོམ་བྱས། 

ཁྲེ་ཅན་ཅུན་གྱིས་ད་དུང་སྐབས་བཅུ་བཞི་བའི་ཁུལ་སྲིད་གྲོས་བྱ་བར་ཕྱོགས་དྲུག་གི་ཐད་ནས་བླང་བྱ་བཏོན་པ་དང 2017ལོའི་སྒྲུབ་དགོས་པའི་གཙོ་གནད་བྱ་བ་འགའ་བསྟན།

 ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ཧུང་ཚའེ་ཡིས་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར《སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་བོ་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ》ཕུལ།སྙན་ཞུ་ལས་བསྟན་དོན་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་བོ་ནས་བཟུང་བསྡོམས་པས་ཨུ་ཡོན་གྱི་གྲོས་གཞི 984འབྱོར་བ་དང་། སྐབས་སྔོན་མ་ལས་གྲོས་གཞི 231ཇེ་མང་དུ་སོང་བ་དང་། གྲོས་གཞི 980ཞིབ་བཤེར་ཐོ་འགོད་བྱས། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་བཞི་བར་བསྒྲུབ་རྒྱུར་སྤྲད་པའི་གྲོས་གཞི་ཚང་མ་བསྒྲུབས་ཚར། གྲོས་གཞིའི་ནང་དུ་བཏོན་པའི་གནད་དོན་ཐག་བཅད་པའམ་ཡང་ན་ཕལ་ཆེར་ཐག་བཅད་པ 518 ཡོད་པ་དེས 52.9% ཟིན་ཏེ། སྐབས་བཅུ་གཉིས་ལས་བརྒྱ་ཆའི་གྲངས་གནས3 འཕར། ཡར་ཞུ་བྱས་པའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་དང་འཆར་གཞིའི་ནང་བཀོད་དེ་རིམ་བཞིན་ཐག་གཅོད་བྱེད་བཞིན་པ 370ཡོད་པ་དེས 37.8% ཟིན། ཕྱི་ཡུལ་གྱི་རྒྱུ་རྐྱེན་དང་ཆ་རྐྱེན་གྱི་དབང་གིས་དོན་ཐོག་ཏུ་འཁྱོལ་དཀའ་བ 92ཡོད་པ་དེས 9.4% ཟིན་པ་ཨུ་ཡོན་རྣམ་པར་འགྲེལ་བཤད་གསལ་བོ་བྱས་ཡོད། གྲོས་གཞི་དེ་དག་ཏུ་ཨུ་ཡོན་རྣམ་པའི་ཤེས་སྟོབས་དང་དགོངས་གཞི་འདུས་ཡོད་པས། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་ རེ་འདུན་འདུས་ཡོད་ཅིང་། དུས་རབས་ཀྱི་ཁྱད་ཆོས་དང་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པས། འཆམ་མཐུན་ལྡན་པའི་ཀན་ལྷོ་དང་དར་ཞིང་རྒྱས་པའི་ཀན་ལྷོ། བདེ་སྐྱིད་ལྡན་པའི་ཀན་ལྷོ། མཛེས་སྡུག་ལྡན་པའི་ཀན་ལྷོར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།།                                                         

རྩོམ་སྒྲིག་པ། : ཀླུ་མོ་མཚོ།