ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་རིས་རྫོང་གིས་བོད་རིགས་ཐུན་མིན་གོམས་འདྲིས་ཀྱི་རྒྱལ་སྤྱིའི་གངས་ཤུད་ར་བ་བསྐྲུན་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧཱ་ཤང་ཉག་ག་རྒྱལ་སྤྱིའི་གངས་ཤུད་ར་བའི་རྣམ་གྲངས་དེ་ཉིད་དཔའ་རིས་བཀྲ་ཤིས་ཕྱུག་ལུང་ཤང་དུ་ཡོད་ཅིང་། མིག་སྔར་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་ལ་སྔོན་དཔག་བྱས་ན་ད་ལོའི་ཟླ11པའི་དཀྱིལ་ཏུ་སྐོར་ཐེངས་དང་པོའི་ལས་གྲྭ་ལེགས་གྲུབ་བྱུང་བ་དང་འབྲེལ་ཟླ12པར་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་འདི་ནི་དཔའ་རིས་རྫོང་གི2016ལོའི་ཚོང་འགུག་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་ཡིན་པ་དང་། དེ་དཔའ་རིས་རྫོང་ཡུས་ཞང་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་མ་འཇོག་འཛུགས་སྐྲུན་བྱས་པ་ཡིན་ལ།  ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5 བཏང་བ་དང་། འཆར་འགོད་རྒྱ་ཁྱོན་ལ་མུའུ1353.39ཡོད།  དེ་ནི་ཞབས་ཞུའི་ཁུལ་དང་། མཛེས་ལྗོངས་སྤྲོ་ཁང་སྤྲོ་གསེང་ཁུལ། བོད་རིགས་རིག་གནས་དར་ཚུལ་ཉམས་འགྱུར་ལྡན་པའི་ཁྲོམ་གཞུང་། ཟས་ཞིམ་རིག་གནས་ཁྲོམ་གཞུང་། བྱིས་པའི་སྤྲོ་གསེང་རོལ་རྩེད་ཁུལ། རླངས་འཁོར་འཇོག་ཡུལ། རྨང་གཞིའི་ལྷུ་ལག་སྒྲིག་བཀོད་ཁུལ། གངས་ཤུད་ཁུལ། གངས་རྩེད་ཁུལ་དང་ཁངས་རྩེད་ཁུལ་བཅས་ལས་གྲུབ་པ་ཡིན། བསྐྲུན་རྗེས་ཧཱ་ཤང་ཉག་ག་གངས་ཤུད་ར་བ་ནི་རྒྱལ་ནང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་རྒྱལ་སྤྱིའི་གངས་ཤུད་ར་བ་ཞིག་ཏུ་འགྱུར་རྒྱུ་རེད།

གངས་ཤུད་ར་བ་དང་ཐག་ཉེ་ཤོས་ནིG30མྱུར་བགྲོད་གཞུང་ལམ་བདེ་སྒོ་ཕྱིར་གཏོང་མཚམས་ཡིན་པས་འགྲིམ་འགྲུལ་སྟབས་བདེ་བ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2800། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད- 2 ℃ཡིན་ལ། ས་བབ་མཐོ་ཞིང་གྲང་བརླན་གཤེར་ཅན་གྱི་ནམ་ཟླ་ལ་གཏོགས་པ་དང་། དགུན་དུས་འཁྱགས་ཤུར་ཡུན་རིང་བའི་དབང་གིས་དེ་ནི་ཕུགས་བསམ་གྱི་གངས་ཤུད་གནས་མཆོག་ཆགས་པའི་གནས་རེད། ཧཱ་ཤང་ཉག་ག་རྒྱལ་སྤྱིའི་གངས་ཤུད་ར་བ་ལེགས་འགྲུབ་ཡོང་བ་དེའི་དཔའ་རིས་རྫོང་གི་དགུན་དུས་ཡུལ་སྐོར་རྣམ་གྲངས་མེད་པའི་སྟོང་ཆ་བསྐངས་ཤིང་། དེའི་སྤྲོ་གསེང་རང་བཞིན་དང་།  ཞུགས་པའི་རང་བཞིན། སྤྲོ་སྐྱིད་རང་བཞིན་ལྡན་པའི་ཐུན་མིན་གྱི་བྱེས་བགྲོད་གངས་ཤུད་དེ་རིགས་དངོས་སུ་མི་སེར་དཀྱུས་མའི་གངས་ཤུད་ནང་བསྐྱོད་དུ་བཅུག་ནས་ལན་ཀྲོའུ་དང་། ཟི་ལིང་། ཝུའུ་ཝུའེ་དང་དེ་བཞིན་མཐའ་འཁོར་གྲོང་ཁྱེར་གྱི་རྒྱ་ཆེའི་གངས་ཤུད་ལ་དགའ་པོ་བྱེད་མཁན་དང་ཡུལ་སྐོར་བར་སྤྲོ་གསེང་རོལ་རྩེད་ཀྱི་དགོས་མཁོ་བསྐངས་བ་ཡིན་ལ། ཁྱབ་སྤེལ་རང་བཞིན་ལྡན་པའི་གངས་ཤུད་ལུས་རྩལ་དང་དགུན་དུས་ཡུལ་སྐོར་རྣམ་གྲངས་ཀྱི་བཀྲག་མདངས་འཚེར་ས་གསར་པ་རུ་གྱུར་པ་རེད། དཔའ་རིས་རྫོང་གི་ཡུལ་སྐོར་གྱི་སྤྱིའི་ཆུ་ཚད་མཐོར་འདེགས་དང་སྤུས་རྟགས་ཀྱི་གཟུགས་བརྙན་ལ་བརྟེན་ནས་ཡུལ་སྐོར་ཡུན་རིང་ཅན་དང་། རྩེར་སོན་ཅན་འཕེལ་རྒྱས་སུ་གཏོང་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།