ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བདུན་པའི་ཀྲུང་གོ་སྐྱེ་ཁམས་དཔལ་ཡོན་ལ་གཟར་འགག་གི་བགྲོ་གླེང་ཚོགས་འདུ་ལན་ཀྲུའུ་གྲོང་ཁྱེར་ནས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཀྲུང་གོ་སྐྱེ་ཁམས་རིག་པའི་རིག་གཞུང་ལྷན་ཚོགས་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་སྐབས་བདུན་པའི་ཀྲུང་གོ་སྐྱེ་ཁམས་དཔལ་ཡོན་ལ་གཟར་འགག་གི་བགྲོ་གླེང་ཚོགས་འདུ་ལན་ཀྲུའུ་གྲོང་ཁྱེར་ནས་བསྡུས།

ཉིན་དེར། རྒྱལ་ནང་གི་སྙན་གྲགས་ཆེ་བའི་སྐྱེ་ཁམས་རིག་པའི་རིག་གཞུང་ཆེད་མཁས་པ50ལྷག་ལྷན་དུ་འཛོམས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐབས་ལམ་གསར་བ་ཞིབ་འཇུག་བྱས་པ་དང་། ཆེད་མཁས་པ་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྐོར་ནས་ཆེད་དམིགས་གྲོས་འདྲི་དང་ཡུལ་དངོས་ནས་རྟོག་ཞིབ་སོགས་བྱས་པའི་བྱ་འགུལ་སྤེལ་ཏེ་ཐན་ཉུང་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་ཉམས་མྱོང་ཐད་ནས་བསམ་བློ་བརྗེ་རེས་བྱས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ཀན་ལྷོ་ཁུལ་གྱི་འཕེལ་རྒྱས་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ་སྙན་ཞུ་ཕུལ་བ་དང་བགྲོ་གླེང་བྱས།

༢.png

ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་པ་ལུས་རོང་ཚན་གྱིས་བསྟན་དོན། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་རྒྱལ་ནང་གི་སྐྱེ་ཁམས་རིག་པ་དང་སྐྱེ་ཁམས་དཔལ་འབྱོར་རིག་པ། སྐྱེ་ཁམས་ཚན་རིག་སོགས་ཀྱི་ཆེད་མཁས་པ་མང་པོ་གདན་འདྲེན་ཞུས་ནས་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་དང་སྐྱེ་ཁམས་ཐོན་ལས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཐད་ནས་གཏིང་ཟབ་སྒོས་བགྲོ་གླེང་བྱས་ཏེ་ཀན་ལྷོ་ནས་སྐྱེ་ཁམས་སྤང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་ཀྱི་ལྗང་མདོག་སྒྲིབ་དངོས་བཟོ་བར་བྱས་རྗེས་བཞག་སྟེ། ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་སྐུལ་འདེད་བྱས་ཏེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བཟོ་དགོས།

༣.png

                                                            ཀན་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡོན་བགྲོ་གླེང་ཚོགས་འདུར་ཞུགས།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།