ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བོད་ཀྱི་ཆེད་མཁས་པ་རྣམས་འབྲུག་ཆུར་འཛོམས་ནས་ལོ་ངོ་སྟོང་ཕྲག་རིང་གི་གནའ་བོའི་བོད་ཡིག་ཡིག་ཆ་རྩད་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སློབ་གྲྭ་བཅུ་ཁ་ལྷག་དང་ལྗོངས་ཞིང་ལྔ་ནས་ཐོན་པའི་བོད་ཀྱི་ཆེད་མཁས་པ40ལྷག་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུར་འཛོམས་ནས་མཉམ་དུ་ལོ་ངོ་སྟོང་ཕྲག་རིང་གི་གནའ་བོའི་བོན་ཆོས་ཡིག་ཆར་རྩད་ཞིབ་བྱས།

༡.jpg

                                                                             ཆེད་མཁས་པའི་ཚན་ཆུང་བརྟག་དཔྱད་ཞིབ་འཇུག་ཏུ་འགྲོ་བཞིན་པ།

ཆེད་མཁས་པའི་ཚན་ཆུང་ཐོག་མར་ཧེ་ཡུས་དང་ཀུང་པ་སོགས་ལ་སོང་ནས་ཡུལ་དངོས་ནས་བོན་ཆོས་ཡིག་ཆའི་བརྒྱུད་འཛིན་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས།

༢.jpg

                                                                                              ཆེད་མཁས་པས་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པའི་ཚུལ། 

༣.jpg

                                             རྒྱལ་ཡོངས་བོད་ཀྱི་ཆེད་མཁས་པ་རྣམས་ཀྱིས་འབྲུག་ཆུ་ནས་བོན་ཆོས་ཡིག་ཆ་རྩད་ཞིབ་བྱས་པའི་བགྲོ་གླེང་ཚོགས་འདུ་བསྡུ་བཞིན་པ།

ཆེད་མཁས་པའི་ཚན་ཆུང་ཆོས་གཞུང་ཡོད་པའི་བོད་སྡེའི་ཁྱིམ་ཚང་ལ་སོང་ནས་བཅར་འདྲི་བྱས་པ་དང་ཡུལ་དངོས་ནས་བསྡུ་གསོག་བྱས་ཡོད་པའི་ཡིག་ཆར་བལྟས་ཏེ་ཡིག་ཆའི་འབྱུང་ཁུངས་དང་བརྒྱུད་འཛིན་བྱེད་ཐབས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། གསལ་འབྱེད་བརྒྱུད་རིམ་ཁྲོད་ཆེད་མཁས་པ་རྣམས་ཀྱིས་ཡིག་ཆའི་ལོ་ཟླ་དབྱེ་ཞིབ་ཞིབ་མོ་བྱས་ཏེ་ཡིག་ཆ་བསྡུ་གསོག་བྱེད་པའི་ཐབས་ཤེས་སོགས་ཀྱི་གནད་དོན་ལ་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན། ཆེད་མཁས་པ་རྣམས་ཀྱིས་བསྟན་དོན། བོན་ཆོས་སྐོར་གྱི་ཡིག་ཆ་འདི་དག་ནི་མེས་པོ་གོང་མ་རྣམས་ཀྱིས་ང་ཚོ་ལ་བཞག་བའི་ཆེས་རིན་ཐང་ལྡན་པའི་ཤུལ་བཞག་རིག་གནས་ཡིན་ལ། འདི་དག་ལ་སྲུང་སྐྱོབ་བྱེད་པ་ནི་གནའ་བོའི་བོད་ཀྱི་བསམ་པའི་དཔལ་ཡོན་ལ་སྲུང་སྐྱོབ་བྱེད་པ་རེད།

༤.jpg

                                                                            ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིགས་ཞིབ་འཇུག་གླིང་གི་ཡོའན་ཀྲང་ཚེ་རིང་ཐར་ལགས། 

༥.jpg

                                                              བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དོན་འགྲུབ་ལྷ་སྐྱབས་ལགས།

ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པའི་ཆེད་མཁས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིགས་ཞིབ་འཇུག་གླིང་གི་ཡོའན་ཀྲང་ངམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཚེ་རིང་ཐར་ལགས་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དོན་འགྲུབ་ལྷ་སྐྱབས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ལྷོ་ནུབ་མི་རིགས་ཞིབ་འཇུག་སྡེ་ཁག་གི་ཞིབ་འཇུག་པའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐུང་མེ། ལན་ཀྲུའུ་སློབ་གྲྭ་ཆེན་མོའི་ལོ་རྒྱུས་དང་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཆེ་ཕན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིགས་པའི་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཀྲ་ཤིས་ཚེ་རིང་སོགས་མང་པོ་ཞིག་ཡོད།

༦.jpg

                                                                                                                            བོན་ཆོས་ཡིག་ཆ།

༧.jpg

                                                                                                                           བོན་ཆོས་ཡིག་ཆ།

༨.jpg

                                                                                                                     བོན་ཆོས་ཡིག་ཆ།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།