ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷའི་རྩྭ་ཐང་གི་ཤམ་བྷ་ལའི་གནས་སྐོར་སྒྱུ་རྩལ་དུས་ཆེན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

                             ཟླ7པའི་ཚེས17ཉིན། འཁྲབ་སྟོན་པ་ཚོས་ཤམ་བྷ་ལའི་གནས་སྐོར་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོའི་སྟེང་བོད་ཀྱི་རྣམ་ཐར་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།

༢.jpg

                              ཟླ7པའི་ཚེས17ཉིན། བོད་ཀྱི་རྟ་རྒྱུག་མདའ་འཕེན་པ་ཚོས་ཀན་ལྷོའི་རྩྭ་ཐང་ནས་རྟ་རྩལ་ངོམ་པ།

༣.jpg

                           ཟླ7པའི་ཚེས17ཉིན། འཁྲབ་སྟོན་པ་ཚོས་ཤམ་བྷ་ལའི་གནས་སྐོར་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོའི་སྟེང་སྲོལ་རྒྱུན་གྱི་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།

༡.jpg

                                                                                          རྟ་རྒྱུག་མདའ་འཕེན་པ།

༥.jpg

                      ཟླ7པའི་ཚེས17ཉིན། རྒྱ་ཆེའི་བོད་རིགས་མང་ཚོགས་རྣམས་ཀྱིས་ཀན་ལྷོའི་རྩྭ་ཐང་ནས་མི་གྲངས་ཁྲི་ལྷག་འདུས་པའི་སྐོར་བྲོ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་དེར་སྐབས་བཅུ་བདུན་པའི“ཀྲུང་གོ་ཀན་ལྷོ་ཤམ་བྷ་ལའི་གནས་སྐོར་སྒྱུ་རྩལ་དུས་ཆེན”ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་དུང་དཀར་ཁོག་རྩྭ་ཐང་ནས་མཛད་སྒོ་ཕྱེས་པ་དང་ཐེངས་འདིའི་ཤམ་བྷ་ལའི་གནས་སྐོར་སྒྱུ་རྩལ་དུས་ཆེན་ཟླ7པའི་ཟླ་མཇུག་བར་སྤེལ་རྒྱུ་ཡིན་པ་དང་དུས་སྐབས་སུ་ཤམ་བྷ་ལའི་འཛམ་གླིང་ཡོངས་ཀྱི་པར་ལེན་མཛད་སྒོ་ཆེན་མོ་དང་འཛམ་གླིང་གནས་སྐོར་སྣང་བརྙན་ཚབ་མི་ཀྲུང་གོ་གྲངས་ཉུང་མི་རིགས་འགྲན་ཁུལ་གྱི་འགྲན་བསྡུར། མི་རིགས་གྱོན་ཆས་འགྲེམ་སྟོན། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས། རྩྭ་ཐང་གི་མེ་ཕུང་དགོང་ཚོགས་སོགས་བྱ་འགུལ་སྣ་ཚོགས་མང་པོ་ཡོད།

 ཤམ་བྷ་ལའི་གནས་སྐོར་སྒྱུ་རྩལ་དུས་ཆེན་འདི་ནི་ཀན་ལྷོ་བོད་ཁུལ་གྱི་ཆེས་གལ་ཆེ་བའི་དམངས་སྲོལ་དུས་སྟོན་ཆེན་མོ་ཞིག་ཡིན་ལ་མི་རིགས་རིག་གནས་འགྲེམ་སྟོན་དང་དར་སྤེལ་བྱེད་པ་དང་།  བོད་ཀྱི་དམངས་སྲོལ་རིག་གནས་ལ་ཉམས་ཞིབ་བྱེད་ས་གཙོ་བོ་ཞིག་ཡིན།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།