ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འཆམ་མཐུན་དགོན་པ་འཛུགས་སྐྲུན་བྱེད་འགོ་བརྩམས་པ། 

ཡོང་ཁུངས། : ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2016-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། བློ་ཞིབ་མོས་གྲ་སྒྲིག་བྱས་པ་བརྒྱུད། ཟླ་ལྔ་བ་ནས་བཟུང་། ཁུལ་ཡོངས་སུ་དགོན་པ123ལ་སྐྱེ་ཁམས་དཔལ་ཡོན་གྱི་འཆམ་མཐུན་བོད་བརྒྱུད་ནང་བསྟན་དགོན་པ་འཛུགས་སྐྲུན་བྱ་བ་སྤེལ་འགོ་བརྩམས།

སྐྱེ་ཁམས་དཔལ་ཡོན་གྱི་འཆམ་མཐུན་དགོན་པ་འཛུགས་སྐྲུན་གྱིས་སྒྲིག་བཀོད་ཆ་ཚང་དང་འཚོ་བ་ལེགས་བཅོས། དོ་དམ་ཚད་ལྡན། བདེ་འཇགས་གྲལ་དག། ཁོར་ཡུག་དག་གཙང་། འཆམ་མཐུན་གཏན་བརླིང་བཅས་དམིགས་འབེན་བྱེད་པ་དང་།ཁྲིམས་ལྟར་དོ་དམ་དང་སྤྱི་ཚོགས་དོ་དམ།དམངས་གཙོ་དོ་དམ་བཅས་ལ་ཤུགས་སྣོན་པ་ལག་འཇུ་ས་བྱེད་པ། དགོན་པའི་གཞི་རྩའི་ཐོན་སྐྱེད་ཆ་རྐྱེན་དང་གཞི་རྩའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན།གཞི་རྩའི་ཞབས་ཞུའི་ཆ་རྐྱེན།གཞི་རྩའི་སྤྱི་ཚོགས་འགན་སྲུང་ཆ་རྐྱེན་བཅས་ལེགས་བཅོས་གཏོང་རྒྱུ་གནད་སར་འཛིན་པ།ནང་དོན་ཐད་འཐུང་ཆུ་དང་གློག གྲྭ་ཤག་བསྒྱུར་བཀོད། དགོན་པའི་སྲང་ལམ། སྣ་བཞི་གཅིག་ཏུ་སྒྲིལ་བའི་བྱ་འགུལ་ཁང་། དེ་མིན་གཞན་གྱི་ཁོངས་གཏོགས་སྒྲིག་བཀོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལྗང་བཟོ་དང་མཛེས་བཟོ། བཙོག་ཆུ་ཐག་གཅོད། གད་སྙིགས་ཐག་གཅོད། གནོད་འཚེ་སྔོན་འགོག་སོགས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། མ་མཐའི་འཚོ་བའི་འགན་སྲུང་། རྒན་གསོ་འགན་སྲུང་། འཚོ་བའི་ཁ་གསབ། བྱ་བའི་འགྲོ་གྲོན་སོགས་སྤྱི་ཚོགས་འགན་སྲུང་མཐོར་འདེགས་གཏོང་བ། རྒྱལ་གཅེས་ཆོས་གཅེས་དང་སྡོམ་ཁྲིམས་སྲུང་བ། མཐུན་སྒྲིལ་གཏན་འཇགས།སྤྱི་ཚོགས་ཞབས་ཞུ་སོགས་ཕྱོགས་བཞིའི་ཐད་ཀྱི་དོན་ཚན་སོ་ལྔའི་འཛུགས་སྐྲུན་ནང་དོན་འདུས།འཆར་གཞི་ཡིན་ན་ལོ་རེར་དགོན་པ་ཉི་ཤུ་ནས་བཞི་བཅུ་འཛུགས་སྐྲུན་བྱེད་པ་དང་། དེར་དྲིལ་བསྒྲགས་སྐུལ་སློང་དང་ཇུས་གཞི་སྒྲིག་བཟོ། རྩ་འཛུགས་ལག་བསྟར། ཉམས་མྱོང་ཕྱོགས་བསྡོམས་བཅས་དུས་རིམ་བཞི་རུ་བགོས་ལ། ལོ་གསུམ་ནས་ལྔའི་ནང་འཛུགས་སྐྲུན་འགྲུབ་རྒྱུའི་འཆར་གཞི་འཐེན་ཡོད།

ད་སྔའི་བར།ཀན་ལྷོ་ཁུལ་སྐྱེ་ཁམས་དཔལ་ཡོན་གྱི་འཆམ་མཐུན་བོད་རྒྱུད་ནང་བསྟན་དགོན་པ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི་དང་།འཛུགས་སྐྲུན་དམིགས་ཚད་བསྟུད་མར་པར་ནས་བཀྲམ་པ་དང་།སྐྱེ་ཁམས་དཔལ་ཡོན་གྱི་འཆམ་མཐུན་བོད་རྒྱུད་ནང་བསྟན་དགོན་པ་གསར་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས། །

 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།