ཀྲུང་ གོ་ བོད་ ཀྱི་ དྲ་ བའི་ འཕྲིན། ཉེ་ ལམ། བསྡོམས་ པས་ མ་ དངུལ་ སྒོར་ མོ་ ས་ ཡ་ གསུམ་ དང་ འབུམ་ གསུམ་ ལྷག་ བཏང་ བའི་ མཚོ་ སྔོན་ ཞིང་ ཆེན་ མཚོ་ བྱང་ ཁུལ་ རྐང་ ཚ་ རྫོང་ གི་ ད་ ལོའི་ སྐོར་ དང་ པོའི་ དབུལ་ སྐྱོར་ གསར་ སྤེལ་ དང་ སྡེ་ བ་ དག་ ཐེར་ དང་ ཡར་ སྐུལ་ གཏོང་ བའི་ ལས་ གཞི་ ཕྱོགས་ ཡོངས་ ནས་ འགྲུབ་ ཚར། ལས་ གཞི་ དེ་ ད་ ལོའི་ ཟླ་ བཞི་ བའི་ ཟླ་ དཀྱིལ་ དུ་ དངོས་ སུ་ ལག་ བསྟར་ བྱེད་ མགོ་ བརྩམས། གཙོ་ བོ་ གྱུར་ མིན་ ཞང་ ཕྱུག་ ནོར་ ཞོལ་ མ་ སྡེ་ བ་ དང་ ཕྱུག་ ནོར་ གོང་ མ་ སྡེ་ བ། དབྱི་ ཁི་ བུའུ་ ལན་ ཞང་ ཡ་ ཞིག་ སྡེ་ བ་ བཅས་ གསུམ་ ལ་ བསྡོམས་ པས་ མ་ མོ་ སྟོང་ ལྔ་ དང་ ལྔ་ བརྒྱ་ ཞེ་ བཞི་ ཉོས་ པ་ དང་། ལག་ སྐྱོར་ འདྲུད་ འཐེན་ འཁོར་ ལོ་ ང་ དགུ་ ཉོས་ པ། ཚོང་ ཁང་ བཅུ་ གཉིས་ དང་ ཟ་ ཁང་ གཅིག་ ལས། དབུལ་ སྐྱོར་ གསར་ སྤེལ་ དང་ སྡེ་ བ་ དག་ ཐེར་ དང་ ཡར་ སྐུལ་ གཏོང་ བའི་ ལས་ གཞི་ དེ་ དག་ ཡོངས་ འགྲུབ་ བྱས་ རྗེས། རོང་ འབྲོག་ པ་ མང་ ཚོགས་ ཀྱི་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ ཞིང་ སྡེ་ གསར་ བ་ དང་ འབྲོག་ ཁུལ་ གསར་ བ་ འཛུགས་ སྐྲུན་ བྱེད་ པའི་ བརྩོན་ སེམས་ སྔར་ ལས་ ཇེ་ ཆེར་ གཏོང་ བ་ དང་། ས་ གནས་ ཀྱི་ དཔལ་ འབྱོར་ འཕེལ་ རྒྱས་ དང་ རོང་ འབྲོག་ པའི་ ཡོང་ སྒོ་ ཇེ་ མང་ དུ་ གཏོང་ བར་ སྐུལ་ འདེད་ བཏང་། ཤེས་ པ་ ལྟར་ ན། རྐང་ ཚ་ རྫོང་ གིས་ ད་ ལྟ་ སྐོར་ གཉིས་ པའི་ དབུལ་ སྐྱོར་ གསར་ སྤེལ་ དང་ སྡེ་ བ་ དག་ ཐེར་ དང་ ཡར་ སྐུལ་ གཏོང་ བའི་ ལས་ གཞི་ ཡར་ ཞུ་ བྱེད་ བཞིན་ ཡོད། །