ཀྲུང་ གོ་ བོད་ ཀྱི་ དྲ་ བའི་ འཕྲིན། ཉེ་ ལམ། ཀན་ སུའུ་ ཞིང་ ཆེན་ ཀན་ ལྷོ་ བོད་ རིགས་ རང་ སྐྱོང་ ཁུལ་ ཏང་ ཨུ་ དང་ ཁུལ་ སྲིད་ གཞུང་ འཆར་ ལྡན་ བུ་ སྐྱེས་ ལྟ་ ཞིབ་ ཚོགས་ པས་ རྨ་ ཆུ་ རྫོང་ གི་ ད་ ལོའི་ ཟླ༩ལྷག་ རིང་ གི་ མི་ གྲངས་ དང་ འཆར་ ལྡན་ བུ་ སྐྱེས་ བྱ་ བར་ ཆེད་ དུ་ ལྟ་ ཞིབ་ བྱས། ལྟ་ ཞིབ་ བྱེད་ པའི་ ནང་ དོན་ གཙོ་ བོར་ མི་ གྲངས་ འཆར་ གཞི་ ལེགས་ འགྲུབ་ དང་ བུ་ སྐྱེས་ ཚོད་ འཛིན་ ཐབས་ ཇུས་ ལག་ སྟར་ གནས་ ཚུལ། ཞབས་ ཞུ་ བཟང་ པོ་ དང་ སྲིད་ ཇུས་ ལེགས་ པོ་ ལག་ སྟར་ བྱེད་ པའི་ གནས་ ཚུལ། འཆར་ ལྡན་ བུ་ སྐྱེས་ ལས་ བྱེད་ རུ་ ཁག་ འཛུགས་ སྐྲུན་ གནས་ ཚུལ་ དང “ཚད་ ལྡན་ གསུམ ”དང “ཚོད་ ལྟ་ ས་ ཚིགས་ བཞིའི ”བྱ་ བའི་ འཕེལ་ རིམ་ གནས་ ཚུལ་ སོགས་ མིག་ སྔའི་ གནད་ འགག་ གི་ བྱ་ བ་ མང་ པོ་ འདུས།
ལྟ་ ཞིབ་ ཚོགས་ པ་ སྔ་ གཞུག་ ཏུ་ ཆུ་ ཁ་ མ་ དང་ ཉིན་ མ་ གྲོང་ རྡལ་ གྱི་ སྡེ་ བའི་ ཚོ་ ཆུང༌། གྲོང་ ཁུལ་ སྡོད་ དམངས་ ཨུ་ ཡོན་ ལྷན་ ཁང་ སོགས་ སུ་ དྲིལ་ བསྒྲགས་ སློབ་ གསོའི་ དཔེ་ སྟོན་ རྟེན་ གཞི་ འཛུགས་ སྐྲུན་ དང་ འགྲོ་ རྒྱུགས་ མི་ གྲངས་ ཚད་ ལྡན་ ཅན་ དུ་ སྒྱུར་ བའི་ གྲོང་ ཁུལ་ འཛུགས་ སྐྲུན་ གྱི་ ཡུལ་ དངོས་ ལ་ ལྟ་ ཞིབ་ བྱས། ལྟ་ ཞིབ་ ཚོགས་ པས་ རྫོང་ མི་ གྲངས་ ཨུ་ ཡོན་ ལྷན་ ཚོགས་ ཀྱི་ སྙན་ ཞུར་ ཉན་ རྗེས་ རྨ་ ཆུ་ རྫོང་ གི་ ད་ ལོའི་ དུས་ རིམ་ སྔོན་ མའི་ འཆར་ སྐྱེས་ བྱ་ བའི་ བཀོད་ སྒྲིག་ དང་ རྫོང་ གི “ཚད་ ལྡན་ གསུམ ”དང “ཚོད་ གནས་ བཞིའི ”བྱ་ བ། བོད་ ཁུལ་ བུད་ མེད་ སྐྱེས་ འཕེལ་ བདེ་ ཐང་ ལག་ རྩལ་ ཞབས་ ཞུ་ སོགས་ ཀྱི་ བྱ་ བར་ གདེངས་ འཇོག་ ཚད་ མཐོན་ པོ་ བྱས། །