ཀྲུང་ གོ་ བོད་ ཀྱི་ དྲ་ བའི་ འཕྲིན། ཟླ་ ༦ཚེས་ ༢༩ཉིན། རྒྱ་ གར་ གྱི་ “livemint”ཞེས་ པའི་ དྲ་ བ་ ཞིག་ གི་ སྟེང་ དུ་ ཨ་ མེ་ རི་ ཁའི་ མཁས་ པ་ ཁེ་ ནི་ སི་ ཐོ་ ཧྥོ་ ལིན་ ཀེ་ ལི་ ཞེས་ པས་ བྲིས་ པའི་ ཀྲུང་ གོ་ དང་ འབྲེལ་ བའི་ རྩོམ་ ཡིག་ ཧ་ ལས་ དགོས་ པ་ ཞིག་ སྤེལ་ ཡོད། རྩོམ་ ཡིག་ དེའི་ ནང་ དུ་ ཀྲུང་ གོས་ ཐོག་ མཐའ་ བར་ གསུམ་ དུ་ “ལོ་ རྒྱུས་ རྫུན་ བཟོ ”བྱས་ ནས་ རྒྱ་ གར་ དང་ ཁོ་ རེ་ ཡ་ ལྷོ་ བྱང་ གཉིས་ ཀྱི་ མངའ་ ཁོངས་ ལེན་ པའི་ རེ་ ངན་ བཅངས་ ཡོད་ པའི་ སྐོར་ སྨྲས་ ཤིང་། མངོན་ སུམ་ འཛེམ་ མེད་ ངང་ ཀྲུང་ གོ་ དང་ ཁྱིམ་ མཚེས་ རྒྱལ་ ཁབ་ བར་ དཀྲུག་ ཤིང་ བརྒྱབ་ པ་ རེད།
ཁུང་ ལུང་ མེད་ པའི་ གཏམ་ དེ་ འདྲ་ བཤད་ མཁན་ གྱི་ ཁེ་ ནི་ སི་ ཐོ་ ཧྥོ་ ལིན་ ཀེ་ ལི་ ཡིས་ རང་ ཉིད་ ནི་ རྒྱལ་ ཁོངས་ ཨ་ རི་ ཡིན་ པའི་ རྒྱ་ གར་ གྱི་ ཏི་ ལི་ གསར་ བའི་ སྤྱི་ ཚོགས་ ལྟེ་ གནས་ ཀྱི་ མཁས་ པ་ ཡིན་ ཞེས་ སྨྲ་ བཞིན་ ཡོད་ ཅིང་། ཁོས་ སིང་ ག་ ཕོར་ གྱི་ རྒྱལ་ གཉེར་ སློབ་ ཆེན་ དུ་ གནས་ སྐབས་ ཙམ་ རིང་ གི་ མཁས་ པའི་ སྔོ་ ལོ་ བསྒྲེང་ མྱོང་ མོད། ཡིན་ ནའང་ ཁོས་ དབྱིན་ ཇིའི་ 《སྔོན་ བྱོན་ གླེང་ སྟེགས་ ཚགས་ པར 》སྟེང་ དུ་ སིང་ ག་ ཕོར་ གྱི་ འགོ་ ཁྲིད་ ལ་ སྐྱོན་ བརྗོད་ བྱས་ པའི་ རྩོམ་ ཡིག་ ཅིག་ སྤེལ་ བར་ བརྟེན་ སིང་ ག་ ཕོར་ གྱི་ ཉེན་ རྟོག་ པས་ རྟོག་ ཞིབ་ དང་། ཁྲིམས་ འཛིན་ འདྲི་ གཅོད་ བྱས་ ཤིང་། མཐར་ ཨ་ རིར་ བྲོས་ བྱོལ་ མི་ བྱེད་ ཀ་ མེད་ བྱུང་ ལ། སིང་ ག་ ཕོར་ གྱི་ ཁྲིམས་ འཛིན་ སྡེ་ ཚན་ གྱིས་ ཁོའི་ སིང་ ག་ ཕོར་ ལ་ ཡོད་ པའི་ རྒྱུ་ ནོར་ གཞུང་ བཞེས་ བཏང་ བ་ མ་ ཟད། ཁོ་ རང་ ཁྲིམས་ སར་ མེད་ ཤུལ་ དུ་ ཁྲིམས་ ཐག་ བཅད་ པ་ རེད།
དོན་ དངོས་ སུ་ འདི་ ནི་ ལིན་ ཀེ་ ལི་ ཡིས་ ཀྲུང་ གོར་ དམའ་ འབེབས་ བྱེད་ ཐེངས་ གཉིས་ པ་ ཡིན་ ལ། ད་ ལོའི་ ཟླ་ དང་ པོར། ཁོས་ བྲིས་ པའི་ ཀྲུང་ གོའི་ ཕྱི་ འབྲེལ་ སྐོར་ གྱི་ རྩོམ་ ཡིག་ ཅིག་ གི་ ནང་ དུ། ཀྲུང་ གོས་ ཕྱིའི་ རྒྱལ་ ཁབ་ ཁག་ གིས་ ཀྲུང་ གོའི་ ནང་ སྲིད་ སྐོར་ གླེང་ བར་ རྒོལ་ བ་ བྱེད་ བཞིན་ ཡོད་ ན་ ཡང་། པེ་ ཅིང་ གིས་ རྟག་ ཏུ་ རྒྱལ་ ཁབ་ གཞན་ པའི་ སྲིད་ དོན་ གླེང་ བའམ་ ཡང་ ན་ ཀྲུང་ གོའི་ མངའ་ ཁོངས་ དང་ འབྲེལ་ བ་ མེད་ པའི་ སར་ བྱུང་ བའི་ སྲིད་ དོན་ རྣམས་ གླེང་ བཞིན་ ཡོད་ ཅེས་ ཀྲུང་ གོར་ དམའ་ འབེབས་ བྱས་ ཡོད་ པ་ རེད། ལིན་ ཀེ་ ལིའི་ གཏམ་ ཧ་ ལས་ དགོས་ པ་ དེའི་ སྐོར་ ལ་ ཀྲུང་ གོའི་ མཁས་ པ་ ཞིག་ གིས་ འདི་ ལྟར། ཀྲུང་ གོ་ དང་ མཐའ་ མཚམས་ རྒྱལ་ ཁབ་ ཁག་ གི་ འབྲེལ་ བར་ འཕེལ་ རྒྱས་ བྱུང་ སྐབས། མི་ རེ་ འགས་ རྟག་ ཏུ་ དཀྲུག་ ཤིང་ རྒྱག་ ཅིང་ ཀྲུང་ གོར་ དོགས་ ཟོན་ བྱེད་ ཀྱི་ ཡོད་ པ་ རེད་ ཅེས་ དང་། ཡང་། ད་ ལོའི་ ཟླ་ ༦པའི་ ཚེས་ ༡༦ཉིན་ ཨུ་ རུ་ སུ་ རུ་ ཀྲུང་ གོ་ ཚུད་ པའི་ རྒྱལ་ ཁབ་ བཞིའི་ འགོ་ ཁྲིད་ ཀྱི་ ཐུག་ འཕྲད་ དེ་ མ་ གཞི་ ཧ་ ཅང་ ལེགས་ པོ་ བྱུང་ ན་ ཡང་། ནུབ་ ཕྱོགས་ ཀྱི་ མི་ རེ་ འགས་ ཀྲུང་ གོ་ དང་ རྒྱ་ གར་ བར་ འབྲེལ་ བ་ ལེགས་ པོ་ བྱུང་ ན་ ནུབ་ ཕྱོགས་ རྒྱལ་ ཁབ་ ལ་ ཤུགས་ རྐྱེན་ ཐེབས་ སྲིད་ པའི་ འདོད་ ཚུལ་ བཟུང་ ནས། གླེང་ ཕྱོགས་ ཧ་ ལས་ དགོས་ པ་ དེ་ འདྲ་ བཟོས་ ཤིང་ ཀྲུང་ གོ་ དང་ རྒྱ་ གར་ བར་ དཀྲུག་ ཤིང་ བརྒྱབ་ པ་ རེད།།