ཀྲུང་ གོ་ བོད་ ཀྱི་ དྲ་ བའི་ འཕྲིན། ༢༠༠༩ལོའི་ ཟླ་ ༧ཚེས་ ༡ཉིན། མཚོ་ བོད་ ལྕགས་ ལམ་ ཤར་ གཏོང་ བྱུང་ ནས་ ལོ་ གསུམ་ འཁོར་ བ་ ཡིན་ ཞིང་། ལོ་ གསུམ་ རིང་ མཚོ་ བོད་ ལྕགས་ ལམ་ གྱིས་ ཁྱོན་ བསྡོམས་ མགྲོན་ པོ་ ཁྲི་ ༨༣༠ལྷག་ ཕར་ སྐྱེལ་ ཚུར་ བསུ་ དང་། དངོས་ ཟོག་ ཏུན་ ཁྲི་ ༦༢༢༡ཙམ་ སྐྱེལ་ འདྲེན་ བྱས་ ཡོད་ ཅིང་། བོད་ རང་ སྐྱོང་ ལྗོངས་ ཀྱི་ སྤྱི་ ཚོགས་ དང་ དཔལ་ འབྱོར་ གོང་ དུ་ འཕེལ་ བར་ བྱེད་ ནུས་ ཆེན་ པོ་ བཏོན་ པ་ མ་ ཟད། ད་ དུང་ འཛམ་ གླིང་ སྟེང་ མཐོ་ སྒང་ འཁྱགས་ སའི་ ཁུལ་ གྱི་ མེ་ འཁོར་ གྱི་ མགྱོགས་ ཚད་ དེ་ ཆུ་ ཚོད་ རེར་ སྤྱི་ ལེ་ ༡༠༠ལ་ སླེབས་ པའི་ ཟིན་ ཐོ་ གསར་ བ་ བཏོད་ པ་ རེད། །

