ཀྲུང་ གོ་ བོད་ ཀྱི་ དྲ་ བའི་ འཕྲིན། ད་ ལོའི་ དཔྱིད་ རྨོ་ ཐོན་ སྐྱེད་ བྱེད་ འགོ་ བཙུགས་ པ་ ནས་ བཟུང་ བོད་ རང་ ལྗོངས་ ཆབ་ མདོ་ ས་ ཁུལ་ སྨར་ ཁམས་ རྫོང་ གི་ རིམ་ པ་ ཁག་ གི་ ཏང་ ཨུད་ དང་ སྲིད་ གཞུང་། དེ་ བཞིན་ ཞིང་ འབྲོག་ ཅུས་ སོགས་ ཞིང་ ལས་ དང་ འབྲེལ་ བ་ ཡོད་ པའི་ ཚན་ པ་ ཁག་ གིས་ དབྱིད་ འདེབས་ ཀྱི་ ལས་ དོན་ ལ་ ཚད་ མཐོའི་ མཐོང་ ཆེན་ བྱས་ ཡོད་ ཅིང་། ལག་ པ་ སྔ་ ཙམ་ འགུལ་ བ་ དང་། གྲ་ སྒྲིག་ འཐུས་ ཚང་ ཡོད་ པ། གོ་ རིམ་ ངེས་ ཅན་ ལྡན་ ཞིང་། ཡུལ་ བབ་ དང་ མཐུན་ པ། ཚན་ རིག་ ལ་ བརྟེན་ པ་ བཅས་ བྱས་ སྟབས་ དཔྱིད་ འདེབས་ ཀྱི་ ལས་ དོན་ ཁག་ སྔ་ ལོ་ ལས་ ལེགས་ པའི་ ངང་ ལེགས་ སྒྲུབ་ བྱང་ ཡོད་ པ་ རེད། འཕྲིན་ སྤེལ་ བས་ ཤེས་ རྟོགས་ བྱུང་ བར་ གཞིགས་ ན། ད་ ལོ་ རྗོང་ དེས་ དཔྱིད་ འདེབས་ ཀྱི་ ནང་ ལུང་ དང་། ཞིང་ སྨན། ས་ བོན་ བཅས་ འདང་ ངེས་ དང་ སྤུས་ དག་ པོ་ ཡོང་ བར་ དོ་ ཁུར་ ཆེན་ པོ་ བྱས་ རྗེས་ ཁྱོན་ བསྡོམས་ རྫས་ ལུད་ ཏུན 966དང་། ཞིང་ སྨན་ ཏུན 5.5དོན་ འཁྱོལ་ བྱས་ པ་ མ་ ཟད། ས་ གནས་ གཞན་ ནས་ སྐྱེ་ བབ་ བཟང་ བའི་ སོན་ བཟང་ རྒྱ་ མ་ ཁྲི་ 16ནང་ ནས་ སྐྱེ་ བབ་ བཟང་ བའི་ སོན་ བཟང་ རྒྱ་ མ་ ཁྲི་ 16ནང་ འདྲེན་ བྱས་ ཏེ་ བེད་ སྤྱད་ པ། དེ་ བཞིན་ མང་ ཚོགས་ སྒྲིག་ འཛུགས་ ཀྱིས་ དཔྱིད་ འདེབས་ ཀྱི་ བར་ གསེང་ དུས་ ཆོད་ ནང་ གཙང་ ཤོད་ དང་། འཇང་ རིགས། ཚྭ་ ཁ་ ལྷོ། སྤང་ མདའ་། སྒ་ ཐོག་ བཅས་ ཤང་ གྲོང་ དུ་ ཞིང་ ནང་ ཆུ་ བེད་ འཛུགས་ སྐྲུན་ བྱེད་ པའི་ མཐོ་ རླབས་ བསླངས་ ཡོད་ ཅིང་། རིང་ ཚད་ སྤྱི་ ཁྲེ་ 2100ཡོད་ པའི་ ཆུ་ ཡུར་ ཁག་ 7གསར་ བཟོ་ བྱས་ པ་ དང་། ཆུ་ ཡུར་ ཁག 72ཉམས་ གསོ་ བྱས་ པ། ཆུ་ རྫིང་ ཁག་ 5བཟོས་ པ་ བཅས་ བྱས་ པས་ ཆུ་ འདྲེན་ ཐུབ་ པའི་ ཞིང་ ཁ་ མུའུ་ ཁྲི 189.5ཁ་ སྣོན་ བྱུང་ བ་ དང་། དེ་ བཞིན་ ཞིང་ ལས་ འཕྲུལ་ ཆས་ ཁག་ ཉམས་ བཟོ་ བྱེད་ པའི་ ལས་ ཀའང་ དུས་ ཐོག་ ཏུ་ ལེགས་ སྒྲུབ་ བྱས་ པར་ བརྟེན་ འཔྱིད་ འདེབས་ བདེ་ བླག་ ངང་ ལེགས་ སྒྲུབ་ བྱེད་ པར་ འགན་ ལེན་ བྱུང་ ཡོད་ པ་ རེད། །