ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སོ་མཱ་ལིའི་ས་གནས་དཔོན་རིགས་ཀྱིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་བཞིའི་ཉིན་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་ལྷོ་མ་ཀྲིག་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་བར་འཁྲུག་རྩོད་དྲག་པོ་བྱས་པ་དང་། མིག་སྔར་ཉུང་མཐར་ཡང་ཕྱོགས་གཉིས་ཀྱི་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར།

ཞེ་པེ་ལེ་ལྷོ་མ་ཀྲིག་གི་དཔོན་པོ་སིང་ཉིན་གྱིས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་མིག་སྔར་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སྲིད་གཞུང་དམག་དཔུང་ལ་དམིགས་པའི་འཇབ་རྒོལ་ཕམ་པར་བྱས་པ་དང་། ན་གཞོན་ཏང་གི་དྲག་ཆས་མི་སྣ་གསུམ་བསད། སྲིད་གཞུང་དམག་དཔུང་གི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་གསུམ་ལ་རྨས་ཕོག་ཟེར།

གཞན་ཡང་ཞེ་པེ་ལེ་ལྷོ་མ་ཀྲིག་སྲིད་གཞུང་གི་མགྲིན་ཚབ་པ་ཞིན་ནོའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་ཉིན་དེར་ཞེ་པེ་ལེ་ལྷོ་མ་ཀྲིག་གི་སྡེ་བ་ཞིག་ཏུ་སྡོད་པའི་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ་སྡེ་བ་དེ་བཙན་བཟུང་བྱེད་རྩིས་བྱས་ཀྱང་། སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཕམ་པར་བྱས་ཡོད་ཟེར།

དོན་དེའི་ཐད་ནས་ན་གཞོན་ཏང་ཕྱོགས་ཀྱིས་རང་ཉིད་ཀྱིས་རྒྱལ་ཁ་བླངས་པར་བཤད་པ་དང་། རྩ་འཛུགས་དེས་སྡེ་བ་དེ་བཙན་བཟུང་བྱས་པར་མ་ཟད་སྲིད་གཞུང་དམག་དཔུང་གི་དམག་མི་མང་བོ་བསད་ཟེར།

རྩོམ་སྒྲིག་པ། རྡོ་སྐྱིད།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།