ས་འགུལ་དྲག་པོ་ལས་ཁང་བར་གཏོར་བཤིག་ཐེབས།


ཤི་རྨས་ཐེབས་མཁན་གྱི་ཁྱིམ་མིའི་སྐྱོ་བ་བཟོད་ཐབས་བྲལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། རྒྱ་གར་བྱང་ཤར་ས་ཁུལ་དུ་ཚེས་བཞི་ཉིན་གྱི་ཞོགས་པར་ཚད་རིམ་དྲུག་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་། ད་ལྟའི་བར་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་ལྷག་ལ་རྨས་ཕོག ཁང་བ་དང་རྨང་གཞིའི་སྒྲིག་ཆས་རེ་འགར་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད་ལ། ས་ཁུལ་ཁག་ཅིག་ཏུ་གློག་ཆད་ཡོད།

བསྒྲགས་པ་ལྟར་ན། ས་འགུལ་དེ་ཚེས་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་སོ་བདུན་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་མན་ནེ་ཕུའུ་ཨར་པང་གི་ལྟེ་གནས་གྲོང་ཁྱེར་ཡུན་ཕཱ་ཨར་ནུབ་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་བདུན་ཡོད་ཟེར།

མན་ནེ་ཕུའུ་ཨར་པང་གི་མཐོ་རིམ་དཔོན་པོ་པཱ་པུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཡུན་ཕཱ་ཨར་གྲོང་ཁྱེར་ནང་དང་ཉེ་འཁོར་ས་ཁུལ་ནས་མི་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

རྒྱ་གར་ཉེ་འདབས་ཀྱི་བྷང་ག་ལཱ་དང་འབར་མ་སོགས་རྒྱལ་ཁབ་ལའང་ས་འགུལ་གྱི་ཚོར་བ་མངོན་གསལ་ཡོད་པ་དང་། དེའི་ནང་བྷང་ག་ལཱ་རྒྱལ་ཁབ་ནས་ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར།

རྒྱ་གར་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡི་དཔོན་རིགས་ཀུའུ་ཕུའུ་ཐཱ་ཡིས་གསར་འགོད་པར་བཤད་རྒྱུར། ཡུན་ཕཱ་ཨར་གྱི་སྡོད་དམངས་སོ་གསུམ་ལ་རྨས་ཕོག་པ་དང་། བརྩེགས་རིམ་དྲུག་ཅན་གྱི་ཐོག་ཁང་ཞིག་ལ་གཏོར་བརླག་ཐེབས་ཡོད་པ་དང་། གཞུང་ལམ་དང་སྒྲིག་ཆས་རེ་འགར་གཏོར་བཤིག་ཐེབས་ཡོད་ཟེར། ཡུན་ཕཱ་ཨར་གྱི་སྨན་ཁང་ཆེན་མོ་ཞིག་གི་འགན་ཁུར་བས་འདོན་སྤྲོད་བྱས་པའི་རྒྱུ་ཆ་ལྟར་ན། ཉུང་མཐར་ཡང་མི་ལྔ་བཅུར་ས་འགུལ་ཁྲོད་རྨས་ཕོག་པ་དང་། སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་བཞིན་ཡོད་པ་རེད།

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། སྲིད་གཞུང་གིས་གནོད་ཐེབས་གནས་ཚུལ་ལ་དཔྱད་འཇོག་བྱེད་བཞིན་ཡོད་པ་དང་། གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་མི་སྣ་མངག་པ་དང་རྒུད་སྐྱོབ་དངོས་རྫས་སྐྱེལ་བའི་བཀའ་རྒྱ་བཏང་ཡོད་ཟེར།

གནོད་ཐེབས་ཆེས་ཚབས་ཆེ་བའི་མན་ནེ་ཕུའུ་ཨར་པང་གི་དཔོན་རིགས་ཀྱིས་བཤད་རྒྱུར། བཅའ་སྡོད་དམག་དཔུང་དང་ཉེན་རྟོག་པས་དོགས་ཟོན་མཐོར་འདེགས་བྱས་ཡོད་པ་དང་། གནོད་ཐེབས་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་མི་སྣས་རྒུད་སྐྱོབ་བྱེད་བཞིན་ཡོད། མིག་སྔར་ས་འགུལ་བྱུང་ས་གཙོ་བོ་དང་དེའི་ཉེ་འཁོར་ས་ཁུལ་གྱི་ཐོག་ཁང་མཐོ་རྒྱུ་མེད་པ་དང་མི་གྲངས་ཉུང་བས། དགའ་འོས་པ་ཞིག་ལ་ས་འགུལ་གྱི་གཏོར་བརླག་སྔོན་ནས་སེམས་ཁུར་བྱེད་པ་ལྟ་བུའི་ཆེན་པོ་ཞིག་མིན། སྙན་ཞུ་བྱས་པའི་ཤི་བོའི་ཁ་གྲངས་དང་གཏོར་བརླག་ཐེབས་ཚས་དེ་འདྲའི་ཚབས་ཆེན་ཞིག་མིན་ཟེར།

རྩོམ་སྒྲིག་པ། རྡོ་སྐྱིད།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།