ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨིག་ནེ་སི་ཐི་ཡིས་ཚེས་བཞིའི་ཉིན་སོ་ཏི་ཨ་རབ་དང་དབྱི་ལིང་སོགས་རྒྱལ་ཁབ་ཀྱིས་རང་ཚོད་བཟུང་སྟེ། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བའི་བྱ་སྤྱོད་མི་སྤེལ་བ་དང་། རྒྱལ་ཁབ་གཉིས་དང་དབུས་ཤར་ས་ཁུལ་གྱི་མིག་སྔའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཨིག་ནེ་སི་ཐི་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་ཟང་ཟིང་དང་བརྟན་འཇགས་མིན་པའི་གནད་དོན་མང་བོ་ཆོས་ལུགས་ཕྱོགས་ཁག་བར་གྱི་འགལ་བར་འབྲེལ་བ་ཡོད། དེ་ནི་ཐོལ་བྱུང་གི་སྣང་ཚུལ་ཞིག་མིན་ཟེར། ཁོས་འབྲེལ་ཡོད་ཕྱོགས་ཁག་སོ་སོས་བྱེད་ཐབས་སྔར་ལས་མང་བོ་སྤྱད་དེ་ས་ཁུལ་དེའི་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་ཡར་སྐུལ་བྱེད་པའི་ཐབས་ཀྱིས་འགལ་བ་དེ་དག་སེལ་བར་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨིག་ནེ་སི་ཐི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་དབྱི་ལིང་ལ་ཨ་མེ་རི་ཁའི་ལངས་ཕྱོགས་བསྟན་པ་དང་། ཁི་ལེ་ཡིས་མྱུར་མོར་སོ་ཏི་ཨ་རབ་ཕྱོགས་ལ་འབྲེལ་གཏུག་བྱས་ཏེ་རང་ཉིད་ཀྱི་ལངས་ཕྱོགས་སྟོན་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། རྡོ་སྐྱིད།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།