ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཞིའི་ཉིན་ཁོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་བརྒྱུད་དེ་བསྟན་དོན། ཁོས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གཉིས་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་བྱ་སྤྱོད་གང་རུང་སྤེལ་མི་རུང་བའི་སྐུལ་མ་བཏང་།

ཚེས་གཉིས་ཉིན། སོ་ཏི་ཨ་རབ་ཀྱིས་ཧྲི་ཡེ་ཕྱོགས་ཁག་གི་མིང་གྲགས་ཆེ་བའི་ཆོས་པ་ནེ་མུས་ཨར་དང་བཅས་པའི་བཙོན་མ་ཞེ་བདུན་ལ་སྲོག་ཁྲིམས་བཅད། དབྱི་ལིང་གི་མང་ཚོགས་མང་བོས་ཉིན་དེར་དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་གི་མདུན་ནས་ངོ་རྒོལ་བྱས་ཤིང་དྲག་ཤུགས་ལ་བརྟེན་ནས་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས། ཚེས་གསུམ་ཉིན། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། དབྱི་ལིང་གི་ཕྱི་འབྲེལ་མི་སྣ་དག་དུས་ཚོད་ཞེ་བརྒྱད་ནང་རང་གི་མངའ་ཁོངས་དང་ཁ་འབྲལ་དགོས་པའི་རེ་བ་བཏོན།

ཕན་ཅི་ཝུན་གྱིས་ཚེས་བཞིའི་ཉིན་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་ལ་ཁ་པར་བཏང་བར་མ་ཟད། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལའང་ཁ་པར་བཏང་། ཕན་ཅི་ཝུན་གྱིས་རྒྱལ་ཁབ་གཉིས་ཀྱིས་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་བྱ་སྤྱོད་གང་རུང་སྤེལ་མི་རུང་བའི་སྐུལ་མ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་རང་གི་ཁེ་ཕན་གྱི་ཆེད་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱས་རྗེས་འཇོག་དགོས་པ་ནན་བཤད་བྱས།

ཀྲི་ལི་ཧྥུའུ་ལ་ཁ་པར་གཏོང་སྐབས་ཕན་ཅི་ཝུན་གྱིས་ཡང་བསྐྱར་ནེ་མུས་ཨར་སོགས་ལ་སྲོག་ཁྲིམས་བཅད་པར་ཧ་ལས་པའི་ཚུལ་བསྟན་པ་དང་། ཡང་བསྐྱར་དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་བཏང་བར་མ་ཟད། ཀྲ་ལི་ཧྥུའུ་ཡིས་ངེས་པར་དུ་རྒྱལ་ཁབ་མངའ་ཁོངས་ཀྱི་ཕྱི་འབྲེལ་ལས་ཁུངས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་སྤྱོད་དགོས་པའི་སྐུལ་མ་བཏང་།

ཀྲུའུ་པེད་ཨར་ལ་ཁ་པར་གཏོང་སྐབས་ཕན་ཅི་ཝུན་གྱིས་ནེ་མུས་ཨར་ལ་སྲོག་ཁྲིམས་བཅད་པའི་དོན་ལ་ཡིད་འཕང་བའི་ཚུལ་བསྟན་པ་དང་། རང་ཉིད་ཀྱིས་སྔོན་ཆད་ཚོགས་ར་མང་བོ་ནས་སོ་ཏི་ཨ་རབ་དབང་འཛིན་ལས་ཁུངས་ལ་འབྲེལ་ཡོད་ཀྱི་གྱོད་དོན་གླེང་མྱོང་ཡོད་ཟེར། དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་བཏང་བའི་ཞོར་དུ་ཕན་ཅི་ཝུན་གྱིས་སོ་ཏི་ཨ་རབ་ཀྱིས་དབྱི་ལིང་བར་གྱི་འབྲེལ་ཐག་བཅད་པར་ཡིད་སྐྱོ་བའི་ཚུལ་བསྟན།

རྩོམ་སྒྲིག་པ། རྡོ་སྐྱིད།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།