ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཚེས་བཞིའི་ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་གྱིས་དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས། ཉིན་དེར་པཱ་ལིན་གྱིས་ཀྱང་དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དབྱི་ལིང་གི་ཕྱི་འབྲེལ་མི་སྣ་དག་དུས་ཚོད་ཞེ་བརྒྱད་ནང་རང་གི་མངའ་ཁོངས་དང་ཁ་འབྲལ་དགོས་པའི་རེ་བ་བཏོན། དེ་མིན་ཉིན་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དབྱི་ལིང་དུ་སྡོད་པའི་གཞུང་ཚབ་པ་ཕྱིར་འབོད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། དབྱི་ལིང་བར་གྱི་ཕྱི་འབྲེལ་རིམ་པ་ཇེ་དམའ་རུ་གཏོང་རྒྱུ་ཡིན་ཟེར།

ཚེས་གསུམ་ཉིན་སོ་ཏི་ཨ་རབ་ཀྱིས་དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། སོ་ཏི་ཨ་རབ་ནང་སྲིད་པུའུ་ཡིས་ཚེས་གཉིས་ཉིན་འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་བཟོས་པའི་བཙོན་མ་ཞེ་བདུན་ལ་སྲོག་ཁྲིམས་བཅད། སྲོག་ཁྲིམས་བཅད་པའི་བཙོན་མའི་གྲས་སུ་ཧྲི་ཡེ་ཕྱོགས་ཁག་གི་མིང་གྲགས་ཆེ་བའི་ཆོས་པ་ནེ་མུས་ཨར་ཡོད། དེའི་རྗེས་སུ་དབྱི་ལིང་གི་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་ཏེ། སྒོ་དང་སྒེའུ་ཁུང་བཅག་པ་དང་གཞུང་ཚབ་ཁང་གི་ཐོག་ཁང་ཁག་ཅིག་མེར་བསྲེག་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་གྱུར་བ་རེད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་མི་སྣས་ཚེས་བཞིའི་ཉིན་བསྟན་དོན། མའོ་སི་ཁི་ཡིས་སོ་ཏི་ཨ་རབ་དང་དབྱི་ལིང་བར་གྱི་འཁྲུག་རྩོད་ལ་འདུམ་འགྲིག་བྱེད་འདོད་ཡོད་ཟེར། ཨུ་རུ་སིའི་འབྲེལ་ཡོད་མི་སྣས་བཤད་རྒྱུར། མའོ་སི་ཁི་དང་ཏི་ཧེ་ལན་དང་ལེ་ཡཱ་ཏི་བཅས་ཀྱི་བར་འབྲེལ་བ་བཟང་བོ་ཡོད་པ་དང་། མཛའ་མཐུན་རྒྱལ་ཁབ་ཡིན་པའི་ཆ་ནས། ང་ཚོས་དགོས་གལ་ཡོད་པའི་གནས་ཚུལ་འོག་རྒྱལ་ཁབ་གཉིས་བར་འདུམ་འགྲིག་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། རྡོ་སྐྱིད།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།