ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་གྱིས་རྒྱ་གར་གྱིས་འདོན་སྤྲོད་བྱས་པའི་ཁུངས་སྣེ་གཞིར་བཟུང་སྟེ་རྒྱ་གར་གྱི་པའོ་ཐན་གོ་ཏི་མཁའ་དམག་རྟེན་གཞིར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཕན་ནུས་ལྡན་པའི་སྒོ་ནས་འཇིགས་སྐུལ་རིང་ལུགས་མེད་པར་གཏོང་རྒྱུ་ཁས་ལེན་བྱས་ཡོད། མིག་སྔར་རྒྱ་གར་སྲིད་གཞུང་བར་འབྲེལ་འདྲིས་བྱས་ཤིང་། རྒྱ་གར་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་ཁུངས་སྣེ་གཞིར་བཟུང་སྟེ་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཞི་བའི་གྲོས་མོལ་བྱས་ཏེ་འཇིགས་སྐུལ་རིང་ལུགས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་ལ། རྒྱལ་ཁབ་གཉིས་བར་མཉམ་ལས་ལ་ཤུགས་སྣོན་པའི་ཆོད་སེམས་བརྟན་པོ་ཡོད་དགོས་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད། ཕཱ་ཁི་སི་ཐན་གྱིས་གནོད་ཐེབས་མཁན་གྱི་ཁྱིམ་མིའི་གཉེན་ཉེ་ཤོར་བའི་སྡུག་བསྔལ་ལ་མྱོང་བ་ཟབ་མོ་ཡོད། རྒྱུ་མཚན་ནི་ཕཱ་ཁི་སི་ཐན་རང་ཉིད་ཀྱང་འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་མཁན་ཡིན་པས་རེད་ཟེར།

ཚེས་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་བཞིའི་ཡས་མས་སུ། དྲག་ཆས་ཉེས་ཅན་དྲུག་ཙམ་ཕཱ་ཁི་སི་ཐན་གྱི་མཐའ་མཚམས་དང་ཉེ་སའི་པའོ་ཐན་གོ་ཏི་མཁའ་དམག་རྟེན་གཞིར་ཡོང་ནས། རྟེན་གཞིའི་ནང་གི་ཀི་མུས-29རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་གྱེན་འཕུར་གནམ་གྲུར་གཏོར་བརླག་བྱེད་རྩིས་བྱས་པར་མ་ཟད། བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱུང་། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་རྒྱ་གར་གྱི་བདེ་སྲུང་མི་སྣ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། དྲག་ཆས་ཉེས་ཅན་བཞི་བསད།

རྩོམ་སྒྲིག་པ། རྡོ་སྐྱིད།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།