མདུན་ཤོག- གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།

པུའུ་ལིང་གིས་ཟླ་དགུ་བར་བཟོ་བའི་ཏང་གི་ཚོགས་ཆེན་མ་བསྡུས་གོང་བཟོ་བའི་ཏང་གི་མགོ་ཁྲིད་པའི་ལས་འགན་བསྐྱུར་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས་པ།

ལོ་ཙཱ་བ། བསོད་ནམས་ཚེ་རིང་།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2010-05-12

    ཟླ5བའི་ཚེས10ཉིན། དབྱིན་ཇི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་པུའུ་ལིང་གིས་རྒྱལ་ས་ལོན་ཏོན་གྱི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་གསལ་སྒྲོག་སྤེལ་བཞིན་པ། པུའུ་ལིང་གིས་ཉིན་དེར་ཁོས་ད་ལོའི་ཟླ9བར་བཟོ་བའི་ཏང་གི་ཚོགས་ཆེན་མ་བསྡུས་གོང་བཟོ་བའི་ཏང་གི་མགོ་ཁྲིད་པའི་ལས་འགན་བསྐྱུར་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས་པ་དང་། ཁོས་ད་རུང་བཟོ་བའི་ཏང་དང་རང་དབང་དམངས་གཙོ་ཏང་གིས་སྲིད་གཞུང་གསར་བ་འཛུགས་པའི་གནད་དོན་ཐད་དངོས་སུ་གྲོས་མོལ་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་པུའུ་ལིང་གིས་ཚེས10ཉིན་ཁོས་ད་ལོའི་ཟླ9བར་བཟོ་བའི་ཏང་གི་ཚོགས་ཆེན་མ་བསྡུས་གོང་བཟོ་བའི་ཏང་གི་མགོ་ཁྲིད་པའི་ལས་འགན་བསྐྱུར་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས་པ་དང་། ཁོས་ད་རུང་བཟོ་བའི་ཏང་དང་རང་དབང་དམངས་གཙོ་ཏང་གིས་སྲིད་གཞུང་གསར་བ་འཛུགས་པའི་གནད་དོན་ཐད་དངོས་སུ་གྲོས་མོལ་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས། པུའུ་ལིང་གིས་གསལ་སྒྲོག་སྤེལ་ཏེ། ཁོས་བཟོ་བའི་ཏང་གིས་མགོ་ཁྲིད་པ་གསར་བ་འདེམ་བསྐོ་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཡིན་པ་དང་། ཁོས་དོན་དེར་ཐེ་གཏོགས་བྱེད་མི་སྲིད་ཟེར། པུའུ་ལིང་གིས་བཟོ་བའི་ཏང་གི་མགོ་ཁྲིད་པ་གསར་བས་ཟླ9བའི་བཟོ་བའི་ཏང་གི་ཚོགས་ཆེན་མ་བསྡུས་གོང་འགན་འཁུར་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར། པུའུ་ལིང་གིས་དབྱིན་ཇི་རྒྱལ་ཁབ་ནས་གྲོས་ཁང་འདེམ་བསྐོའི་ཁྲོད་གྲོས་མིའི་གོ་གནས་མང་བོ་ཐོབ་པའི་ཏང་ཁག་མ་བྱུང་བ་ལས་འདེམ་དམངས་ཀྱིས་སྲིད་ཏང་དང་མགོ་ཁྲིད་པ་གང་རུང་གིས་སྒེར་ཚུགས་སུ་སྲིད་སྐྱོང་བར་རྒྱབ་སྐྱོར་མི་བྱེད་པ་མཚོན་ཡོད་ལ། གལ་ཏེ་བཟོ་བའི་ཏང་དང་རང་དབང་དམངས་གཙོ་ཏང་གིས་མཉམ་འབྲེལ་བྱས་ན་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱེད་ཐུབ་པ་དང་། ཁོས་སྲིད་གཞུང་གསར་བ་འཛུགས་པའི་ཆེད་དུ་ལས་འཁུར་དགོངས་ཞུ་བྱེད་ངེས་ཡིན་ཟེར། པུའུ་ལིང་གིས་ད་རུང་རང་དབང་དམངས་གཙོ་ཏང་གི་མགོ་ཁྲིད་པ་ཁི་ལེ་ཀི་ཡིས་སྲིད་གཞུང་གསར་བ་འཛུགས་པའི་གནད་དོན་ཐད་ནས་བཟོ་བའི་ཏང་དང་གྲོས་མོལ་བྱེད་རྒྱུའི་རེ་བ་དངོས་སུ་བཏོན་པ་དང་། བཟོ་བའི་ཏང་གིས་རེ་བ་དེ་དང་ལེན་བྱེད་པ་ནི་ཡང་དག་པའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད་རྒྱལ་ཁབ་ཀྱི་ཁེ་ཕན་ལའང་མཐུན་པ་རེད་ཟེར། །