ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཞི་ཁོ་ཉེན་རྟོག་དམག་དཔུང་གིས་ཚེས13ཉིན་ལྷོ་ཕྱོགས་ཀྱི་ཀི་ལོས་ལོ་ཀྲིག་ནས་དྲག་ཆས་ཉེས་ཅན་དང་འཁྲུག་རྩོད་བྱས་ཏེ། མི་བཅུ་གཅིག་ཚེ་ལས་འདས།
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་ཉིན་གུང་གི་སྐབས་སུ། སྐོར་གཡེང་དམག་མི་སྐོར་ཞིག་གིས་ཀི་ལོས་ལོ་ཀྲིག་གི་ཨ་ཧུའུ་ཆི་ཐི་ལན་གྱི་ཕུའུ་ལོ་ཀི་ལོས་སོ་གྲོང་བརྡལ་ཆུང་བ་ནས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་པ་དང་། འཁྲུག་རྩོད་ཁྲོད་དྲག་ཆས་ཉེས་ཅན་བཅུ་བསད་པ་དང་། དམག་མི་གཅིག་ཚེ་ལས་འདས། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། དམག་ཕྱོགས་ཀྱིས་ཀྱང་ས་ཁུལ་དེའི་བདེ་འཇགས་ལ་ཤུགས་སྣོན་བྱས་ཡོད། །
