༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་ཀྱི་ཙུང་ཐུང་གིས་པཱ་ལི་གླིང་ཕྲན་གྱི་འགས་གཏོར་གྱོད་གཞི་བཟོ་མཁན་ཤི་བ་བདེན་དཔང་བྱས་པ།
བསོད་ནམས་ཚེ་རིང་གིས་བསྒྱུར། 2010-03-11 10:10 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་ཀྱི་ཙུང་ཐུང་སུའུ་ཞི་ལོ་ཡིས་ཚེས10ཉིན་བདེན་དཔང་བྱས་དོན། ཉིས་སྟོང་གཉིས་ལོའི་པཱ་ལི་གླིང་ཕྲན་གྱི་འགས་གཏོར་གྱོད་གཞིའི་དོགས་ཡོད་ཉེས་ཅན་གཙོ་བོ། དབྱི་སི་ལན་ཚོགས་པའི་འགད་རྫས་ཆེད་མཁས་པ་ཏུའུ་ལེ་མཱ་ཏེན་བསད།

  སུའུ་ཞི་ལོ་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་གྱི་འགུལ་བསྐྱོད་ཅིག་གི་ཁྲོད། རྒྱལ་ས་ཡཱ་ཅཱ་ཏཱའི་ཉེ་འདབས་སུ་སྦས་སྐོང་བྱས་ཡོད་པའི་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པར་ཆམ་ཕབ་དྲག་པོ་བཏང་བ་དང་། མིག་སྔར་འགུལ་བསྐྱོད་དེའི་ཁྲོད་བསད་པའི་སྐྱེས་པ་དེ་ནི་ཏུའུ་ལེ་མཱ་ཏེན་ཡིན་པ་བདེན་དཔང་བྱེད་ཐུབ་ཟེར། སུའུ་ཞི་ལོ་ཡིས་བཤད་རྒྱུར། ཐེངས་འདིའི་འགུལ་བསྐྱོད་ལ་དོན་སྙིང་གལ་ཆེན་ཡོད་པ་དང་། ཚད་ངེས་ཅན་ཞིག་གི་སྟེང་ནས་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པར་ཆམ་ཕབ་བཏང་བ་རེད།  །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག