ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་གཞོན་པ་ཧྲ་ལོ་མུའུ་ཡིས་ཚེས8ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྟན་དོན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་བར་མྱུར་དུ་ཐད་ཀར་གྲོས་མོལ་བྱེད་འདོད་ཡོད།
ཧྲ་ལོ་མུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་དང་གསང་བའི་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཧྲ་ལོ་མུའུ་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་བར་བརྒྱུད་པའི་གྲོས་མོལ་བྱེད་འདོད་པ་ནི་རྣམ་འགྱུར་བཟང་བོ་ཞིག་རེད།
ཁོས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་བར་མྱུར་དུ་ཐད་ཀར་གྲོས་མོལ་བྱེད་འདོད་ཡོད་པར་མ་ཟད། ཀྲུང་ཏུང་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞིས་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་གང་མགྱོགས་སྒོས་ཐད་ཀར་གྲོས་མོལ་བྱེད་པར་སྐུལ་མ་གཏོང་དགོས་པའི་རེ་བ་བཏོན།
ཕན་ཅི་བུན་གྱིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཀྲུང་ཏུང་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞིས་ཟླ3པའི་ཚེས19ཉིན་མོ་སི་ཁོ་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་ཁོ་རང་ཉིད་གྲོས་མོལ་ཞུགས་རྒྱུ་ཡིན་ཟེར། ཁོས་ཐེངས་འདིའི་གྲོས་མོལ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཐད་ཀར་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། །
