༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་དོགས་ཟོན་བྱེད་དགོས་པའི་སྐུལ་མ་བཏང་བ།
བསོད་ནམས་ཚེ་རིང་གིས་བསྒྱུར། 2010-03-10 10:29 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚེས8ཉིན་སྙན་ཞུ་ཞིག་གི་ནང་བཤད་རྒྱུར། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པའི་གནས་ཚུལ་ད་རུང་ངེས་གཏན་མིན་པ་དང་། ད་ལོའི་འཛམ་གླིང་ཡོངས་ཀྱི་ལས་ཤོར་ཚད་སྔར་བཞིན་མཐོ་བར་དམིགས་ཏེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ངེས་པར་དུ་དོགས་ཟོན་མཐོར་འདེགས་སྒོས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་དོགས་ཟོན་བྱེད་དགོས།

 རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཉོ་ཚོང་དང་དངུལ་གཏོང་སྲིད་ཇུས་ཀྱི་གནས་ཚུལ་ལ་དཔྱད་འཇོག་བྱེད་པའི་སྙན་ཞུ་གསར་བ་ཞིག་ལས། ན་ནིང་གི་ཟླ་དགུ་བ་ནས་ད་ལོའི་ཟླ་གཉིས་པའི་བར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁ་ཤས་ཀྱིས་དཔལ་འབྱོར་ཉམས་ཉེན་ཐག་གཅོད་བྱེད་ཆེད། མུ་མཐུད་དུ་ཉོ་ཚོང་ཚད་བཀག་བྱེད་ཐབས་གསར་བ་ལག་བསྟར་བྱས་པ་དེ་ན་ནིང་ཟླ་བཞི་བ་དང་ཟླ་དགུ་བའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་གཉིས་ཀྱི་སྟེང་བཏོན་པའི་དམ་བཅའ་དང་མངོན་གསལ་གྱིས་འགལ་ཡོད་ཅིང་། ཁོངས་གཏོགས་རྒྱལ་ཁབ་དེ་དག་གིས་ངེས་པར་དུ་གང་མགྱོགས་སྒོས་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་འཆར་འགོད་དང་ཁྱབ་སྒྲོག་བྱས་ཏེ། སྲུང་སྐྱོབ་རིང་ལུགས་ཀྱི་གནོན་ཤུགས་འོག་སྲིད་ཇུས་བྱེད་ཐབས་དེ་དག་ཡུན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་དགོས།  །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག