
ཟླ3པའི་ཚེས7ཉིན། ཐེ་གོ་རྒྱལ་ཁབ་ཀྱི་ཙུང་ལི་ཡིས་ཟླ་འདིའི་ཚེས13ཉིན་ནས་ཚེས17ཉིན་བར་ཨོ་སི་ཁྲུ་ལི་ཡཱ་རུ་འཚམས་འདྲི་བྱེད་རྒྱུ་མིན་པ་ཁྱབ་སྒྲོག་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་གྱོན་ཆས་དམར་པོའི་དམག་དཔུང་གིས་ཚེས12ཉིན་ནས་བཟུང་གཞི་རྒྱ་ཆེ་བའི་འདུ་ཚོགས་བྱ་འགུལ་སྤེལ་རྒྱུ་ཡིན་པའི་དབང་གིས་ཐེ་གོ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ཕིས་ཧྲི་ཡིས་ཚེས8ཉིན་ཟླ་འདིའི་ཚེས13ཉིན་ནས་ཚེས17ཉིན་བར་ཨོ་སི་ཁྲུ་ལི་ཡཱ་རུ་འཚམས་འདྲི་བྱེད་རྒྱུ་མིན་པ་ཁྱབ་སྒྲོག་བྱས། །
