ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ངལ་རྩོལ་གསར་འགྱུར་སྟེང་ཚེས8ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་རི་ཡིས་ཉེ་སྔོན་ཞན་ཅིན་ལྷོ་ལམ་གྱི་ཞན་ཞིན་གྲོང་ཁྱེར་གྱི་ཝེ་ནེ་ལུང་མཉམ་འབྲེལ་ཁེ་ལས་ལ་རྟོག་ཞིབ་བྱས། ཁོས་ཁེ་ལས་ཀྱིས་ཆུ་ཚད་མཐོ་བའི་ཐོན་སྐྱེད་རྒྱུན་ལྡན་ཅན་མངོན་འགྱུར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།
ཅིན་ཀྲིན་རི་ཡིས་རྟོག་ཞིབ་བྱེད་སྐབས་ཁེ་ལས་དག་གིས་དཀའ་ཁག་ཧ་ཅང་ཆེ་བའི་གནས་ཚུལ་འོག རང་ཉིད་ཀྱི་སྟོབས་ཤུགས་དང་ལག་རྩལ་ལ་བརྟེན་ནས་ལོ་ངོ་གཉིས་ལ་འབད་བརྩོན་བྱས་པ་བརྒྱུད་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པར་མ་ཟད། ལོ་ངོ་བཅུ་དྲུག་གི་རྗེས་སུ་ཡང་བསྐྱར་ཝེ་ནེ་ལུང་ཐོན་སྐྱེད་བྱེད་མགོ་བརྩམས་པར་ཡིད་ཚིམས་པའི་བསམ་ཚུལ་བསྟན། ཁོས་དེ་ནི་ཁྲའོ་ཞན་གྱི་བཟོ་བ་གྲལ་རིམ་གྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བྱས་པའི་གྲུབ་འབྲས་རླབས་ཆེན་ཞིག་རེད་ཟེར། །
