༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
དབྱི་སི་རལ་གྱི་དམག་དཔུང་གིས་གློ་བུར་དུ་ཡུལ་གྱར་བའི་སྒར་སར་འཇབ་རྒོལ་བྱས་ཏེ་ཕཱ་ལེ་སི་ཐན་གྱི་མི་བཅུ་ཕྲག་འགའ་འཛིན་བཟུང་བྱས་པ།
བསོད་ནམས་ཚེ་རིང་གིས་བསྒྱུར། 2010-02-09 11:27 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས8ཉིན་གྱི་ཞོགས་པར་གློ་བུར་དུ་ཡེ་ལུའུ་སཱ་ལེམ་ཤར་མ་ཉེ་འདབས་སུ་ཡོད་པའི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་ས་གཉིས་ལ་འཇབ་རྒོལ་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་བཅུ་ཕྲག་འགའ་འཛིན་བཟུང་བྱས།

 ཕཱ་ལེ་སི་ཐན་དཔོན་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་མིས་ཉིན་དེར་འཁྲབ་ལྡན་འཁོར་ལོ་དང་དྲག་ཆས་ས་འདེད་འཕྲུལ་ཆས་ཀྱི་འགེབས་སྲུང་འོག བཙན་གྱིས་ཧྲུའུ་ཧྥ་ཐི་དང་ཨ་ནཱ་ཐཱ་ཞེས་པའི་ཡུལ་གྱར་བའི་སྒར་ས་གཉིས་ལ་འཇབ་རྒོལ་བྱས་ཏེ། ཕཱ་ལེ་སི་ཐན་མི་དམངས་ཀྱི་སྡོད་ཁང་གྱན་བཅུ་ཕྲག་ལྷག་ལ་གཏོར་བཤིག་བཏང་བར་མ་ཟད། གཞི་རྒྱ་ཆེ་བའི་སྔོག་བཤེར་བྱ་འགུལ་སྤེལ།

 ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིན་གྲོང་ཁྱེར་ས་ཁུལ་ནས་སྔོག་བཤེར་བྱ་འགུལ་སྤེལ་བ་རེད།།

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག