༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
དབྱི་ལིང་དམག་ཕྱོགས་ཀྱིས་གཟུགས་མེད་གནམ་གྲུ་བདེ་བླག་ངང་གཏོང་ཐུབ་པ་བྱུང་བར་བཤད་པ།
བསོད་ནམས་ཚེ་རིང་གིས་བསྒྱུར། 2010-02-09 11:27 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་མཁའ་དམག་གི་དཔོན་རིགས་ཀྱིས་ཚེས7ཉིན་སྤྱི་སྒྲོག་ཅིག་ལས། དབྱི་ལིང་གིས་ལོས་ཏཱ་ཡི་ཞིབ་བཤེར་ལ་བྱོལ་ཐུབ་པའི་ནུས་པ་ལྡན་པའི་གནམ་གྲུ་ཞིག་བདེ་བླག་ངང་གཏོང་ཐུབ་པ་བྱུང་ཟེར།

 དབྱི་ལིང་མཁའ་དམག་གི་ཟི་ལིན་གཞོན་པ་ནཱ་ཞི་ཀྲ་ཏི་ཡིས་བཤད་རྒྱུར། གཟུགས་མེད་གནམ་གྲུ་དེ་ནི་ཉ་ཁ་ལེབ་རྟགས་ཅན་ཡིན་པ་དང་། སྔོན་ཆད་ཀྱི་ཉ་ཁ་ལེབ་རྟགས་ཅན་གྱི་གནམ་གྲུའི་ཇུས་འགོད་དང་དེར་སྤྱད་པའི་དམིགས་བསལ་གྱི་རྒྱུ་ཆའི་དབང་གིས་ལོས་ཏཱའི་ཞིབ་བཤེར་ལ་བྱོལ་ཐུབ་པའི་ནུས་པ་ལྡན་དུ་བཅུག་ཡོད།

 ནཱ་ཞི་ཀྲ་ཏི་ཡིས་བཤད་རྒྱུར། གནམ་གྲུ་དེ་ཚོད་ལྟ་བྱེད་སྐབས་གནམ་གྲུ་དེ་རྣམ་པ་ཆུང་བའི་དབང་གིས་ལོས་ཏཱའི་ཞིབ་བཤེར་ཚང་མའི་ཚོད་ལྟ་ཡོངས་འགྲུབ་བྱས་པ་དང་། དབྱི་ལིང་མཁའ་དམག་གིས་ཚོད་ལྟ་བྱས་པའི་རྒྱུ་ཆར་དཔྱད་འཇོག་བྱེད་བཞིན་ཡོད་ལ། ཞིབ་བཤེར་གཞན་པ་ཡོངས་འགྲུབ་བྱས་རྗེས། གནམ་གྲུ་དེ་གཞི་རྒྱ་ཆེ་བའི་སྒོ་ནས་ཐོན་སྐྱེད་བྱེད་རྒྱུ་རེད།   །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག