༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
ཧྥེ་ལེ་ཕིན་གྱི་གྲོང་སྡེ་ཞིག་ནས་ཉེན་རྟོག་པ་དང་ཇག་རྐུན་བར་འཁྲུག་རྩོད་བྱུང་ནས་མི་བརྒྱད་ཚེ་ལས་འདས་པ།
བསོད་ནམས་ཚེ་རིང་གིས་བསྒྱུར། 2010-02-09 11:27 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་ཕིན་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས8ཉིན་ཤར་ཕྱོགས་ཀྱི་ཁོས་སུང་ཞིང་ཆེན་གྱི་གྲོང་སྡེ་ཞིག་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱུང་ཞིང་། དྲག་ཆས་ཉེས་ཅན་བདུན་བསད་པ་དང་། གཞན་ཡང་མི་གཅིག་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས་ལ། ཉེན་རྟོག་ཕྱོགས་ལ་མི་སྣ་ཤི་རྨས་བྱུང་མེད་ཟེར།

 བསྒྲགས་པའི་གནས་ཚུལ་ལྟར་ན། ས་དེའི་ཚེས8ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་ཡས་མས་སུ། དྲག་ཆས་ཉེས་ཅན་སྐོར་ཞིག་ཁོས་སུང་ཞིང་ཆེན་གྱི་ཁན་ཏི་ལཱ་ལི་ཡཱ་གྲོང་བརྡལ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་ཉེ་འདབས་ཀྱི་ཞིབ་བཤེར་ས་ཚིགས་བརྒྱུད་སྐབས་ཞིབ་བཤེར་བྱེད་དུ་མ་བཅུག་པར་བདེ་འཇགས་རྟོག་ཞིབ་མི་སྣའི་ཕྱོགས་ལ་མེ་མདས་བརྒྱབ། ཉེན་རྟོག་ཕྱོགས་ཀྱིས་དེ་མ་ཐག་ཕྱིར་རྒོལ་ལན་སྤྲད་དེ། འཁྲུག་རྩོད་དེ་སྐར་མ་བཅུ་ཙམ་འགོར་བ་དང་། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་དེ་དག་གི་ཐོབ་ཐང་ལ་ཞིབ་བཤེར་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག