༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
ཧིན་རྡུའི་སྐམ་དམག་གི་སྦྱོང་བརྡར་བྱེད་སའི་སྒར་ཞིག་ལ་གངས་ཉིལ་བྱུང་ནས་ཉུང་མཐར་ཡང་མི13ཤི་བ།[འདྲ་པར]
 2010-02-09 10:42 ཞིན་ཧྭ་དྲ་བ།

  ཟླ2པའི་ཚེས8ཉིན། ཧིན་རྡུའི་དམག་མིའི་རླངས་འཁོར་ཞིག་ཧིན་རྡུས་བཟུང་བའི་ཁོ་ཧྲིན་སྨིར་ནས་གངས་ཉིལ་དོན་རྐྱེན་བྱུང་སར་བསྐྱོད་བཞིན་ཡོད། ཧིན་རྡུའི་སྐམ་དམག་གི་མགྲིན་ཚབ་པ་པུའུ་ལར་གྱིས་ཚེས8ཉིན་བཤད་རྒྱུར། ཧིན་རྡུས་བཟུང་ཡོད་པའི་ཁོ་ཧྲིན་སྨིར་གྱི་པ་ལ་མུའུ་ལ་ས་ཁུལ་དུ་ཉིན་དེར་གངས་ཉིལ་ཆག་སྒོ་ཆེན་མོ་བྱུང་བས།  ས་དེ་ན་སྦྱོང་བརྡར་བྱེད་བཞིན་པའི་ཧིན་རྡུའི་སྐམ་དམག་གི་དམག་སྒར་ཞིག་ལས་ཉུང་མཐར་ཡང་མི13ཤི་བ་དང་། གཞན་མི15ལ་རྨས་ཕོག་པ་དང་མི་བཅུ་ཕྲག་འགའ་གར་སོང་ཆ་མེད་དུ་གྱུར།

    ཟླ2པའི་ཚེས8ཉིན། ཧིན་རྡུའི་བཟུང་ཡོད་པའི་ཁོ་ཧྲིན་སྨིར་ནས་ཧིན་རྡུའི་དམག་མི་གངས་ཉིལ་དོན་རྐྱེན་བྱུང་སར་བསྐྱོད་བཞིན་ཡོད་པ།

  ཟླ2པའི་ཚེས8ཉིན། ཧིན་རྡུའི་བཟུང་ཡོད་པའི་ཁོ་ཧྲིན་སྨིར་གྱི་ཏན་མ་ཀོ་རུ་ཧིན་རྡུའི་དམག་མིས་གྲུབ་པའི་རྒུད་སྐྱོད་རུ་ཁག་གིས་གངས་ཉིལ་བྱུང་སར་རོགས་སྐྱོར་བྱེད་དུ་འགྲོ་བར་གྲ་སྒྲིག་བྱེད་བཞིན་ཡོད་པ།

 

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག